[A:༤༨༤]རྗེས་གནང་བཀྲུ་བྱབས་དང་བཅས་པ། མི་གཡོ་བ་དཀར་སྔོན་གཉིས་ཀྱི་རྗེས་གནང༌། ཤེར་ཕྱིན་དཀར་སེར་གཉིས་ཀྱི་རྗེས་གནང༌། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་རྣམས་འཇམ་མགོན་བསོད་ནམས་དབང་ཕྱུག་གིས་སྩལ། གོང་དཀར་ཆོས་སྡེར་ཀྱེ་རྡོར་རས་བྲིས་ལ་བརྟེན་པའི་དབང༌། ལམ་དབང༌། ཡང་དག་ཟླ་གམ་དགུ་པའི་དབང༌། འཇམ་མགོན་ཀུན་དགའ་བཀྲ་ཤིས་ཀྱི་དྲུང་དུ་ཕུར་པའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་རྣམས་ཞུས། རྩེ་གདོང་ཁྲི་ཆེན་བསོད་ནམས་བསྟན་འཛིན་དབང་པོའི་དྲུང་དུ་འཆི་མེད་དཔལ་སྟེར་གྱི་ཚེ་དབང༌། ལྕགས་སྡོང་མའི་ཚེ་དབང་རྣམས་ཞུས། གླིང་སྨད་ཞབས་དྲུང་རིན་པོ་ཆེ་ཕུན་ཚོགས་རྒྱལ་མཚན་པར་ཚོགས་ཆོས་གླིང་སྨད་ཆོས་རར་བཀའ་གདམས་ལྷ་བཞིའི་རྗེས་གནང༌། སེང་གེ་སྒྲ། སྨེ་བརྩེགས་ལྗང་ནག །ཁྲོ་མོ་སྨེ་བརྩེགས། རི་ཁྲོད་མ་སེར་མོ། ཛམ་སེར་ནག །རྣམ་འཇོམས་རྣམས་ཀྱི་རྗེས་གནང༌། ཀྱེ་རྡོར་གྱི་དབང་རྡུལ་ཚོན་ལ་བརྟེན་པ། མཁན་ཆེན་ངག་དབང་དོན་གྲུབ་ལས་ཀུན་རིག་གི་དབང༌། འབྱུང་འདུལ་དང༌། ལྷ་མོ་ནམ་མཁའི་གོས་ཅན་མའི་རྗེས་གནང་དང་བཅས་པ་ཞུས། མེ་རག་སློབ་དཔོན་པདྨ་ཕྲིན་ལས་དབང་ཕྱུག་པར་སྒྲ་མི་སྙན་པའི་ཚེ་དབང་འབྲི་ལུགས། དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ལུང་བཅས། གཏུམ་མོའི་ཁྲིད། ཚེ་དབང་ལྕགས་ཀྱི་ཕོ་བྲང༌། བཀའ་ཐང་གི་ལུང་བཅས་ཞུས། རང་ལོ་ཉེར་ལྔའི་དུས་དོལ་མདའ་ཆོས་འཁོར་གནས་ཀྱི་དགོན་པར་རབ་འབྱམས་སྨྲ་བ་ཕྱོགས་ལས་རྣམ་རྒྱལ་གྱི་དྲུང་དུ་ཞག་ཉི་ཤུ་རྩ་འདྲེན་གྱི་བར་དུ་མདོ་སྐོར་པུསྟི་གྲགས་ཆེན་བཅོ་བརྒྱད་སོགས་ཤིན་ཏུ་དཀོན་པའི་ལུང་གི་རིགས་མང་པོ་ཞུས། སྔོ་གཙོ་གྱུར་གྱི་ཞབས་ཏོག་ཧ་ལས་པར་བྱུང༌། སྨྲ་