[A:༤༨༣]ཆེ་བའི་ཆོས་བཀའ་ཐོབ་པ་རྣམས་རགས་རིམ་ཕྱོགས་གཅིག་ཏུ་སྨོས་ན། རང་ལོ་བཅུ་བཞི་པའི་དུས་ཆོས་འཁོར་གནས་མཁན་ཆེན་བློ་གྲོས་བརྟན་པའི་དྲུང་དུ་ཀྱེ་རྡོ་རྗེའི་དབང་རས་བྲིས་ལ་བརྟེན་པ། གུར་ལྷ་བརྒྱད། ཞལ་བསྙེན་དུས། ཁྱུང་ཁྲ། འབྱུང་འདུལ། རི་ཁྲོད་མ་སེར་མོ། གྲྭ་པའི་ཛམ་དམར། ས་ལོའི་བླ་མཆོད། སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་ཡི་དམ་ཆོས་སྐྱོང་གི་གཏོར་ཆོག །དེས་མཛད་པའི་གཏོར་མ་བརྒྱ་རྩ་རྣམས་ཀྱི་ལུང༌། ཀུན་རིག་གི་དབང་བཅས་ཞུས། རང་ལོ་བཅོ་ལྔ་པའི་སྟེང་གླིང་སྟོད་པ་ཆེན་པོ་དཀོན་མཆོག་དཔལ་འབྱོར་གྱི་དྲུང་དུ་ཀྱེ་རྡོ་རྗེའི་དབང་རས་བྲིས་ལ་བརྟེན་པ། འབྱུང་འདུལ། རི་ཁྲོད་མ། རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང༌། ཚེ་དབང་འཆི་མེད་དཔལ་སྟེར། རྔོག་ལོའི་བསྟོད་པ། བིརྺ་པའི་བསྟོད་པ་དད་ཆུ་མ། གོང་མ་ལྔ་བསྟོད། མཚན་བརྗོད། ངོར་ཆེན་གྱི་བསྟོད་པ་རབ་སྡེ་རྦ་གསུམ། སེམས་དཔའ་ཆེན་པོའི་བསྟོད་པ་ཐུབ་བསྟན་གསེར་ཁང་མ། གཡག་རོང་རྣམ་གཉིས་ཀྱི་བསྟོད་པ་ཤ་ལོ་ཀ་རེ། འཆི་མེད་དཔལ་སྦྱིན་མ་བཅས་ཐོབ། རང་ལོ་བཅུ་བདུན་པའི་དུས་སུ་དགེ་རྒན་གྱིས་ཁྲིད་ཞེངས་སྟེགས་སུ་ནམ་མཁའ་རིག་འཛིན་དབང་དྲག་པའི་དྲུང་དུ་ཉང་གྲགས་རྡོ་རྗེ་རྩལ་གྱི་དབང་ལུང༌། དཀོན་མཆོག་སྤྱི་འདུས་ཀྱི་དབང༌། ཚེ་དབང་བཅས་དང་ཆོས་སྐོར་པུསྟི་ཡོངས་རྫོགས། གྲུབ་མཐའ་མཛོད་དང་ཐེག་མཆོག་མཛོད་ཀྱི་ལུང་བཅས་ཐོབ། རང་ལོ་ཉེར་བཞི་པའི་དུས་འཇམ་མགོན་བསོད་ནམས་དབང་ཕྱུག་ཡབ་སྲས་དབུས་སུ་ཆིབས་ཁ་བསྒྱུར། ར་བ་སྨད་དུ་ཕེབ་པའི་དུས་ཚོགས་སུ་ཇོ་བོ་རྗེ་ནས་བརྒྱུད་པའི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང༌། སྨེ་བརྩེགས་དུད་ཀའི་