R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༥༣
[A:༤༥༣]དུ། །རྒྱུ་སྐར་ཕྲེང་བར་དུ་བ་མཇུག་རིང་བཞིན། །སྙེགས་འདི་མཁས་རྨོངས་ཀུན་གྱི་སྤྱི་སྲོལ་ཡིན། །དེ་ཕྱིར་ཡོན་ཏན་ཉིན་མོའི་སྐར་མ་ཙམ། །སྐྱོན་ནི་ས་ཆེན་རྡུལ་ལྟར་གྱུར་མོད་ཀྱང༌། །སྐྱོན་རྣམས་རྐུན་པོའི་ནོར་ལྟར་རབ་སྦས་ནས། །ཡོན་ཏན་གང་ཡོད་ལྷུག་པར་བྲི་བར་བྱ། །དེའང་མཁས་གྲུབ་དམ་པ་མང་པོའི་ཞབས་པད་བསྟེན་པའི་སྐུ་དྲིན་ལས་ཡོན་ཏན་གྱི་ཆ་ཅུང་ཟད་ཡོད་པའང་སྲིད་མོད། གཞན་ཤེས་རབ་དང་བརྩོན་འགྲུས་ནི་ཤིན་ཏུ་ཆུང༌། སྙོམ་ལས་དང་ལེ་ལོ་ནི་ཆེ་རབ་ཆེ་བས་སྐྱོན་ཡོན་མགོ་མ་སྙོམས་པའི་སྟོབས་ཀྱིས་འདི་བྱས་དང་འདི་བྱུང་གི་ངོ་མཚར་བའི་ཡོན་ཏན་གྱི་ཆ་ནི་ཞུ་རྒྱུ་ཏིལ་འབྲུ་ཙམ་ཡང་མེད། བ་མ་ལང་ཐོ་ཆོའི་སྤྱོད་པ་ནི་རྩིས་གྲངས་གདབ་ཏུ་མེད་པ་ཞིག་བྱས་པ་དང༌། བྱེད་འགྱུར། བྱེད་བཞིན་པ་ནི་བསམ་གྱིས་མི་ཁྱབ་པས་བྲིར་ཡང་མ་ལངས། བྲིས་པ་ལ་དགོས་དོན་ཡང་མི་འདུག་ལ། ཐམས་ཅད་དྲན་པའང་མི་གདའ་བས་ན། སྐྱེས་ནས་ད་ལྟའི་བར་