[A:༤༩༣]མོད། ཕལ་ཆེར་ནི་གྲགས་པའི་རྗེས་སུ་འབྲང་ཞིང༌། འཇམ་མགོན་བླ་མས། བླུན་པོའི་ཡུལ་དུ་མཁས་པ་བས། །སྤྲེའུ་འཛིན་པ་ཁྱད་པར་འཕགས། །མཁས་པ་ལག་པ་སྟོང་པར་འགྲོ། །སྤྲེལ་འཛིན་ཟས་དང་ནོར་གྱིས་མཆོད། །ཅེས་པའི་དོན་ཐོག་ཏུ་བབས་པར་སྣང༌། དེ་གྲོལ་བསྟུན་རྡོ་རྗེ་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་དུ་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ཡི་གེའི་སྟེང་ནས་ཕྱག་ལེན་མི་འཁྲུལ་བར་གྲངས་བཅད་དུ་བྱས་པ་བསྐུར་ནས། འཇམ་མགོན་མཁྱེན་བརྩེའི་ཁྲིད་ཡིག་གི་སྟེང་ནས་ཁྲིད་ཤིན་ཏུ་སྨིན་པ་སྒྲོ་འདོགས་གཅོད་པ་ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་སྐལ་བཟང་སྙིང་གི་པདྨ་བཞད་པའི་སྟེང་ནས་མཐའ་ཆོད་པ་ངག་ཐོག་ནས་བཏང༌། གཞན་དབང་བཞི་སོ་སོར་སློབ་བཤད་པའི་ཁྱད་ཆོས་འདའ་ཁ་མ། བར་དོ། སྒྱུ་ལུས། རྨི་ལམ། འོད་གསལ་བཅས་པའི་ཁྲིད། དེའང་བུམ་དབང་གི་རྨི་ལམ་ཡན་ཆད་འཇམ་མགོན་མཁྱེན་བརྩེའི་ཁྲིད་ཡིག་སོར་བཞག་དང༌། དེ་མན་ཆད་འཕྲོར་ལུས་པ་རྒྱལ་དབང་མཆོག་གི་ཟིན་བྲིས་ལ་རྗེ་ཀླུ་སྒྲུབ་རྒྱ་མཚོའི་ཁྲིད་ཡིག་ནས་རྒྱས་པར་བླངས་ཏེ་སྨིན་པ། སྒྲོ་འདོགས་གཅོད་པ། དབང་ཆོག །བསྙེན་པ། རབ་གནས། སྦྱིན་སྲེག །དུས་ཐ་མ་བཅས་པའི་ཟིན་ཐུན་བློ་ཐོག་ནས་ཕུལ། བརྡ་དོན་གསལ་བ། ལབ་ཟབ་ཕྱི་ནང༌། བིར་སྲུང་ཕྱི་ནང༌། བླ་མ་རིན་འབྱུང༌། ཚར་གསུམ་ཁུག་པ། བརྡ་ཆིག་བརྒྱུད། སྒྲུབ་པ་ལུང་སྦྱིན། གསང་བཅུའི་རྒྱས་གདབ། གཅེས་བསྡུས་ནས་རྟེན་འབྲེལ་གྱི་བྱིན་རླབས། མགོན་རྐྱང་གི་རྗེས་གནང་བཅས་ཚང་འགྲིལ། རྒྱབ་རྟེན་ལུང་ལ་པོད་སེར། པོད་དམར། པོད་ནག །སློབ་བཤད་སྐོར་ཚང་འགྲིལ་བཅས་པ། གཞན་ཡང་ལམ་སྐོར་ཕྱི་མ་བརྒྱད་ཀྱི་ལུང༌