[A:༤༩༥]། གཟིམས་ཆུང་དུ་དབོན་རིན་པོ་ཆེ་སྐུ་སྒེར་དུ་བསམ་མི་ཁྱབ་དང༌། ཡི་གེ་མེད་པའི་བྱིན་རླབས་བཅས་ཕུལ། ལམ་འབྲས་ལ་མི་གཏོགས་པ་མཁའ་སྤྱོད་མ་སྐོར་གསུམ་གྱི་བྱིན་རླབས། སྒྲུབ་ཐབས་བརྒྱ་རྩ། རྒྱ་མཚོའི་རྒྱ་གཞུང་དང་པོད་གཞུང་གི་ལུང༌། མཆོག་མང་ཁྲོད་ནས་རིགས་གསུམ་སྤྱི། ཀུ་རུ་ཀུལླེ་ལྷ་ལྔ། ཀུན་རིག །མི་འཁྲུགས་པ་ལྷ་དགུ། ཚེ་དཔག་མེད་ལྷ་དགུ །བདེ་མཆོག་ལཱུ་ནག་བཅས་པ། གདུགས་དཀར་བཅུ་བདུན་མ་འདི་རྣམས་རྡུལ་ཚོན་གྱི་སྟེང་ནས་ཕུལ། རྣམ་རྒྱལ་ལྷ་དགུ། རྣམ་འཇོམས། འབྱུང་འདུལ། ཨུ་ཙཱརྱ། རྣམ་སྲས་རིགས་ཆེན་བཅོ་ལྔ། དབྱངས་ཅན་མ། ཁྱུང་ཁྲ་ནག་རྣམས་ཀྱི་རྗེས་གནང་ཡི་གེ་སོ་སོའི་ལུང་བཅས་ཕུལ་ཞིང༌། གྲོལ་དབང་དུ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་རྣམས་རྒྱས་པ་ཕུལ། སོ་སོའི་ཐུགས་ཀྱི་རེ་བ་ཡོངས་སུ་ཁེངས་པར་བྱས། སྤྱི་སྒེར་ཐམས་ཅད་ནས་གསེར་དངུལ། གོས་དར། རས་སྣམ་སོགས་དཔག་ཏུ་མེད་པ་བྱུང༌། རྟེན་བརྟེན་པ་ཐམས་ཅད་དང༌། ཁྱད་པར་ཕ་བླ་མ་ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་སྐུ་བརྙན་ཐམས་ཅད་དང༌། རྡོ་རྗེ་འཆང་གཞོན་ནུ་བློ་གྲོས་ཀྱི་སྐུ་བརྙན་བཅས་པ་སྙན་ཤལ་ཕུལ། དམིགས་ཕུག་གི་སྨོན་ལམ་རྒྱས་པར་བཏབ། སྤྱི་བླ་བྲང་ཐམས་ཅད་ནས་ཆིབས་སྐྱེལ་དང་བཅས་ཚེ་ཆུ་འབུམ་པ་མཇལ། དེ་ནུབ་བྱ་སར་བསྡད། ད་ལམ་ལམ་འབྲས་ཚར་གཉིས་པ་ཡིན་ཞིང༌། ཚར་པའི་བསྟན་པ་ལ་བྱ་བ་བྱས་པའི་ཐོག་མ་ཡིན་པས་ཐོས་བསམ་བྱས་པའི་འབྲས་བུ་ཅུང་ཟད་བྱུང་སྙམ་སེམས་ཤིན་ཏུ་སྤྲོ་བར་བྱུང༌། ཡར་ལམ་ཚོང་འདུས་ཚོགས་པ་དང༌། ཆོས་འཁོར་གནས་སོགས་སུ་ཞབས་ཏོག་རྒྱས་པར་བྱུང༌། དེ་ནས་ར་བ་སྨད་དུ་ཞག་