[A:༥༠༠]མེ་ཏོག་མཆོད་པའི་གནས་ཚུལ་དེ་ལྟར་ལགས། །རྣལ་འབྱོར་པ་རལ་ཅོག་ཅན་ཞིག་གིས་གློ་བུར་དུ་ས་ཁྲིའི་བང་རིམ་སྟེང་ན་ཁ་བཏགས་ཀྱི་མཇལ་དར་ཞིག་བཏང༌། ཕྱག་དབང་ཞུས་ནས་གར་སོང་མ་ཤེས་པ་ཞིག་བྱུང༌། གསང་ཕུར་ལོག་པའི་དུས་ཇ་ཞིག་གིས་རྐྱེན་བྱས། སླེབས་ནུབ་ནས་ནད་གདོས་དྲག་པ་ཞིག་གིས་བཏབ་པས་རེ་ཞིག་ཁད་ཉེ་ནས་སྨན་པ་འདྲ་ལ་བསྟན་པའི་བཅོས་ཀ་སོགས་བྱས་ཀྱང་ཞེ་ལོད་ལས་མ་བྱུང༌། ཉེ་བར་གནས་པ་བློ་གསལ་དང་བློ་ལྡན་གཉིས་ལོ་གཞོན་ཡང་སྔོན་ལས་ཀྱིས་འབྲེལ་བའི་སྙིང་ཉེ་ཞིང་ཤ་ཚ་བ་གསང་ཕུའི་བླ་མ་རྣམས་ཀྱང་སྨོན་པའི་གཡོག་ཏུ་འགྱུར་ངེས་དེང་སང་གི་བར་དུའང་ངེད་རང་ཕན་ཚུན་ཐམས་ཅད་ཤིན་ཏུ་བརྩེ་བ་ཞག་རེ་གཉིས་ཀྱང་འབྲལ་མི་ཕོད་པ་ལྟ་བུ་ཡོད་ཅིང༌། ལྷག་ཏུ་དེ་དུས་སྐུ་རིམ་ཚར་མ་འུར་མ་བྱས། རབ་བརྟན་ནས་ནུ་བོ་བོས་པའང་སླེབས། སྨན་ཡང་ཡང་སྤོས་ཤིང༌། གྲྭ་དམངས་ཀྱི་ཐུགས་འདུན་རྩེ་གཅིག་པའི་སྒོ་ནས་སྐུ་རིམ་བརྟན་བཞུགས་སོགས་གནང་བས་རིམ་བདེར་སོང༌། དེ་ནས་དྲག་བསྟུན། དྭགས་པོ། །རྣམ་སེར། ཁུ་སྤེ། ཞི་བ་སོགས་ཀྱི་གྲྭ་པ་བགྲེས་པ། དགེ་ལྡན། བྱང་རྩེ་ནས་ཨ་མདོ་དགེ་སློང་ཉེར་ལྔ་ལ་ཀྱེ་རྡོར་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་དབང༌། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་སྔོན་དུ་བཏང་ནས་མཁའ་སྤྱོད་མའི་ཁྲིད་སྨིན་རྒྱས། རྗེས་གནང་གི་རིགས་མང་བར་བྱས། གསང་ཕུའི་དབྱར་ཆོས་གྲོལ་ནས་དཔལ་ལྡན་འབྲས་སྤུངས་སུ་སྐུ་ཞབས་རིན་པོ་ཆེར་ཞབས་བརྟན་འབུལ་བར་བླ་མ་སྤྱི་ཚོགས་ཀྱིས་ཕེབ། ཟུལ་ཕུ་དབྱར་ཆོས་ལ་ཆོས་རའི་བརྩེ་ཤག་སྨར་བར་བྱུང༌། རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཆེན་ཆུ་སྟོད་ཟླ་བའི་ཚེས་བཞིའི་ཉིན་ཀླུ་སྒྲུབ་ཀྱི་ཕྱག་བཟོ་བྱང་ཆུབ་ཤིང་ལས་གྲུབ་པའི་