R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༠༢
[A:༥༠༢]དང༌། རྣལ་འབྱོར་མའི་བྱིན་རླབས་ཁྲིད་སོགས་རིས་སུ་མ་ཆད་པའི་གྲྭ་པ་མང་དག་ལ་རྒྱས་པར་ཕུལ། རྣམ་སེར་དྲུང་ཆེན་སངས་རྒྱས་བསྟན་འཛིན། ར་བ་སྨད་དྲུང་ཆེན་ཀུན་དགའ་གྲགས་པ་གཉིས་ལ་ཀྱེ་རྡོ་རྗེའི་ལམ་དབང་ཕུལ། ཟུལ་ཕུར་ཡང་མཁའ་སྤྱོད་མའི་ཁྲིད་ཅིག་བྱ་དགོས་བྱུང༌། དབྱར་ཆོས་གྲོལ་ནས་སྐྱིད་གཤོངས་སུ་དབྱར་ཆོས་གཉིས་བར་གླིང་སྟོད་ཞབས་དྲུང་རིན་པོ་ཆེ་ཀུན་དགའ་གྲགས་འཛིན་སོགས་དྭགས་པོ་གྲྭ་ཚང་ནས་ཕེབ་མི་དང༌། ཆོས་འཁོར་གནས་པ། དེང་སང་ར་བ་སྨད་ཀྱི་འཆད་ཉན་ལས་ཐོག་པ་བློ་གསལ་བསྟན་འཛིན་སོགས་ལ་སྒྲུབ་ཐབས་བརྒྱ་རྩ། རྒྱ་མཚོ། རྣལ་འབྱོར་མའི་བྱིན་རླབས་སོགས་ཕུལ། སྟོན་ཆོས་གཉིས་གྲོལ་ནས་དཔོན་སློབ་སངས་རྒྱས་རྒྱལ་མཚན་གྱིས་དོ་དམ་ཤིན་ཏུ་ཆེ་བས་ནཱ་ལེནྡྲ་ནས་དཀྱིལ་ཐང་གཡར་པོ་ཞུ་བ་སོགས་དཀའ་བ་ཁྱད་དུ་བསད་དེ་རྡོར་ཕྲེང་གི་དབང་ཞིག་བྱས་ནས་བསྟན་པར་ཕན་པ་གཞན་དང་མི་འདྲ་བ་འོང་བ་འདུག་པས་ཅིས་ཀྱང་བྱེད་དགོས་གསུང་བ་ལྟར་ཁས་ལེན་ཞུས། འཕྲེང་པོ་གཞི་བ་སློབ་དཔོན་ཕུན་ཚོགས་བསྟན་འཕེལ་གཤེགས་པའི་སྐུ་གདུང་ཞུགས་འབུལ་ལ་ཕྱིན་པ་འཁོར་འཕྲལ་གཉུག་མར་གནས་པའི་གྲྭ་ཚང་ཡོངས་རྫོགས་ཀྱི་སྟེང་དུ་དཔོན་སློབ་སངས་རྒྱས་རྒྱལ་མཚན། བཀའ་འགྱུར་བ་ངག་དབང་རབ་བརྟན་སོགས་ཇོ་བསྟན་ཚོགས་པ་དགུ། དགེ་སློང་བློ་གྲོས་ཡེ་ཤེས་སོགས་བཀྲ་ཤིས་ཆོས་སྡེ་བ་བདུན། དེང་སང་རྣམ་སེར་དཔོན་སློབ་ཀུན་དགའ་གྲགས་པ་སོགས་རྣམ་སེར་བ་བདུན། བྱེ་རྫིང་ཚོགས་པ་བདུན། དོལ་ཆོས་འཁོར་གནས་པ་དགུ། དྭགས་པོ་གྲྭ་ཚང་བ་དགུ། རྩེ་ཐང་ལྔ་མཆོད་པ་དགེ་སློང་གཞན་ཕན། དགེ་ལྡན་བྱང་རྩེ་བ་དགེ་སློང་སངས་རྒྱས་རྒྱ་མཚོ། སྟག་རྩེ་རབ་