[A:༥༠༥]དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་མ་ཐུན་མོང་མ་ཡིན་པ་ཚར་ཆེན་ཡབ་སྲས་ཀྱིས་སྲོལ་བཏོད་པའི་ཕྱག་ལེན་འཁྲུལ་མེད་ལྟར་ཕུལ། དབང་ཆ་ཁ་ཤས་ལ་ཀུན་རིག་དང་མི་འཁྲུགས་པའི་དབང་རས་བྲིས་ལ་བརྟེན་པ་དང༌། སམྦུ་ཊི། རྡོར་དབྱིངས་ཀྱི་དབང་རྡུལ་ཚོན་ལ་བརྟེན་པ་དབང་ཆར་བཅད་པ། དགེ་ཚུལ་སུམ་ཅུ་སྐོར་ལ་སྡོམ་པ་ཕོག །ཞག་ཉི་ཤུ་རྩ་བདུན་སོང༌། དེ་ནས་དཔྱིད་ཆོས་དང་གཉིས་སོང་ནས་དབྱར་ཆོས་ལ་བཏེག །འདི་ལོ་དུས་མཆོད་སྦྱིན་བདག་དྭགས་པོ་གྲྭ་ཚང་ཡིན་ཞིང་རང་ལོ་ཞེ་བརྒྱད་ལྕགས་སྦྲུལ་གྱི་ལོར་དབྱར་ཆོས་ལ་མཁའ་སྤྱོད་མའི་ཁྲིད་རྗེས་གནང་རིགས་མང་བ་རིས་མེད་པའི་དགེ་ཚུལ་སློང་མང་པོར་ཕུལ། གཞན་ཡང་རྒྱུ་ལམ་གྱི་དབང་སོགས་མང་བར་བྱས། ཞབས་བརྟན་ལ་འདི་ལོ་བླ་མ་རྣམས་ཕོ་བྲང་དུ་ཕེབ་ཆོག་པ་བྱུང༌། ལྷ་སར་རྩེའི་དྲུང་ཡིག་མཁྱེན་རབ་ལགས། བློ་མཁར་ནས་སོགས་ཀྱི་སྔ་སོར་ནས་བདེ་མཆོག་གི་དབང་ཐོབ་འདུག་གཤིས་མཁའ་སྤྱོད་མིའི་བྱིན་རླབས་དང་སྤུངས་ཁྲིད་ཅིག་བྱས། དེ་ནས་ཟུལ་ཕུར་ཕེབ། ཆོས་ར་བརྩི་ཤག་སྨར་བར་བྱུང༌། དེ་ནས་སྐྱིད་གཤོངས་སུ་དབྱར་ཆོས་གཉིས་པ་སྔར་འཁྱུད་ལྟར་བཏང༌། དང་པོ་གསང་ཕུའི་གྲྭ་ཚང་རྣམས་འཁར་རྔ་མ་རྟོགས་དུང་གི་སྲོལ་མེད་ཀྱང་ཕྱིས་སུ་རྒྱས་ཆེར་སོང་བའི་གྲྭ་ཚང་རྣམས་ནས་དུང་གྲྭ་བསྒྲིགས་མཛད་པ་བྱུང་སོང་ཞིང༌། རང་རེའི་གྲྭ་ཚང་འདིར་ཡང་ཚོགས་དུང་རག་གཤོག་མ་ཐར་སོང་ཞིག་དཔོན་སློབ་བསམ་གཏན་གྱི་དུས་གྲྭ་བསྒྲིགས་པ་གནང་ཡང་སེར་ཚོགས་ལ་སོགས་པའི་དུས་ཀྱང་ངོ་གནོང་བ་འོང་འདུག་གཤིས་སྔ་སོར་རང་གི་ལྷག་བསམ་རྣམ་པར་དག་པས་དུས་ཇ་ཞིག་སྦྱོར་དགོས་འདུག་