R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༥༥
[A:༤༥༥]ང་གསུམ་བྱུང་བ་ཕ་ནི་ལྷ་ཡུལ་དུ་སོང༌། མ་ནི་རྒྱ་མཚོར་སོང་ཞིང་སྒོ་ང་དེར་ལུས་པ། ཤ་བ་ཡུ་མོ་ཞིག་གི་དྲོད་ཀྱིས་བསྐྱངས་པ་ལས་ཁྱེའུ་ཤིན་ཏུ་མཛེས་ཤིང་ཡིང་དུ་འོང་བ་གསུམ་བྱུང་བ་ཆེ་བ་ཕའི་རྗེས་སུ་ལྷ་ཡུལ་དུ་སོང༌། ཆུང་བ་མའི་རྗེས་སུ་མཚོ་ནང་དུ་བྲོས། འབྲིང་པོ་དེ་ཉིད་དུུ་ལུས་པ་འདི་འདྲ་མི་ཡུལ་དུ་དཀོན་ཞེས་སྨྲས་པས་ཤེའུ་དཀོན་པ་དར་དུ་བཏགས་པ་དེ་འདྲའི་རིགས་ལས་མཆེད་པས་ལུམ་པ་དཔོན་ཆེན་གྱི་བརྒྱུད་དུ་གྲགས་པའི་རིགས་ཤེའུ་ལོ་ཙཱ་བའི་དབོན་བརྒྱུད་དཔོན་ལྷུན་གྲུབ་ཅེས་པའི་སྲས་མོ་དེ་བདག་གི་མ་ཡིན་ཞིང༌། ཕ་རྒན་ནི་གསོ་བ་རིག་པའི་གཞུང་ལུགས་ཕུལ་ཕྱིན་ཞིག་ཡིན་ཅིང༌། མ་དེའང་བྱམས་སྙིང་རྗེ་དང་ལྡན་པ་དེ་གཉིས་ཀྱི་བུར་འཕགས་པའི་ཡུལ་དུ་ཛ་ཡ་ཞེས་འབོད་པ་རྒྱལ་བ། བོད་གངས་ཅན་གྱི་ལྗོངས་འདིར་ཤིང་ཕོ་རྟའི་ལོ་གྲོ་བཞིན་ཅན་གྱི་དམར་ཕྱོགས་བཟང་པོ་གསུམ་པ། རེས་གཟའ་ལྷའི་བླ་མ་དང༌། རྒྱུ་སྐར་རྒྱལ་དགྱེས་དགུར་སྤྱོད་པའི་འགྲུབ་སྦྱོར་ཡོད་པའི་ཚེས་ཉེར་བདུན་གྱི་ཉི་ཤར་གྱི་དུས་སུ་སྦུགས་སྟོང་རབ་བརྟན་ཆོས་འཁོར་གླིང་བླ་བྲང་དུ་མ་ལས་བདག་སྐྱེས་པ་ཡིན་འདུག་ཅིང༌། བུ་ཆུང་འབྲས་བཟང་མཛེས་པ་མཐོང་ན་དགའ་བ་ཞིག་ཡོད་ཅེས་གླེང༌། ཕ་མ་གཉིས་གཅེས་ཤིང་འབྱོར་པའང་དགའ་རབ་ཡོད་པས་དཀར་གསུམ་མངར་གསུམ་སོགས་ཀྱིས་བསྐྱེད་བསྲེངས། དེའི་ཚེ་ཞང་པོ་
འཇམ་དབྱངས་རྒྱལ་མཚན་
ཤིན་ཏུ་བརྩེ་བ་ཞིག་ཡོད་པ་དེས་བྱམས་པར་མཛད། ཁོང་པ་ཤེས་རབ་ཀྱི་རྩལ་གཞན་དང་མི་འདྲ་བའི་རྩོམ་པ་ཐོགས་མེད་དུ་འོང་བ་ཡིན་པས་ཀ་སྨད་སུམ་བཅུར་སྤེལ་བའི་རྩོམ་པ་འཕྲལ་འཕྲལ་མཛད། བྱིས་པ་ཆུང་ངུའི་ཁ་ནས་ཅི་ཟེར་མེད་ཀྱང་ཅལ་ཅོལ་འགའ་རེ་སྨྲས་འདུག་པར། འདི་ཡོལ་མཁན་ཆེན་གྱི་སྐུ་སྐྱེ་ངེས་པར་ཡིན་པར་འདུག །མིང་ཡང་གཞོན་ནུ་བློ་གྲོས་ཐོགས་གསུང༌། དེ་ནས་རང་ལོ་ལྔ་ལོན་དུས་ཕ་དྲིན་ཅན་དེས་སྒྲིག་ལ་བཅུར་ནས་མལ་གྲུ་བཞིར་བཟོས། མགོ་