R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༡༤
[A:༥༡༤]ནི་བསྟན་ཇུས་ཚུལ་ལྡན་བྱུང་ན་གྲྭ་ཚང་ལ་ལེ་ལན་བྱུང་དོགས་པ་སོགས་འདོད་གཅིག་ཀྱང་འདོད་ཁྱེར་མི་གཅིག་པ་མང་པོ་བྱུང་ཀྱང༌། ངེད་རང་ནས་གྲྭ་ཚང་འོག་མ་ཚོ་མ་བྱུང་རིང་འགྲོ་མི་དགོས་ཞེས་ནན་གྱིས་ལབ། དུས་འར་མ་འུར་མའི་གནས་སྐབས་སུ། །ཁོང་ལ་ལ་སྦུགས་འཐུམས་ཀྱི་ར་བར་ཚུད། །ཁོང་ལ་ལ་ནི་འཆོར་འདོད་གསར་གསར་བྱེད། །མི་ཁོ་བོས་སྒལ་ཚིགས་གཞུང་བསྲངས་པས། །ཕོ་ཚོད་དང་འདུན་མའི་ཡང་རྩེར་སོན། །དེའང་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས། སེམས་ཅན་གང་དང་གང་འབྲེལ་བ། །བྱ་བ་སྔོན་གྱི་ལས་ཀྱིས་བྱེད། །ཅེས་གསུངས་པ་ལྟར་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་དང་སོ་སོའི་ལས་དབང་གི་མཐུ་ལས་གོང་དཀར་ནས་སྡེ་སྲིད་ཆེན་མོ་གདན་དྲངས། ཁྲི་གསར་དོལ་ནས་ཟིན་པ་སོགས་བུན་ལོང་དེ་ཁའི་ངང་ལ་དབྱར་འཁྱོལ། འོན་ཀྱང་རང་གི་སྟོན་ཆོས་སྔ་རྟིང་སོགས་སྔར་འཁྱུད་ལྟར་བཏང༌། སྟོན་མཇུག་སྡེ་སྲིད་གཤེགས་པའི་དགོངས་རྫོགས་ལྷ་སར་ཚོགས་མཆོད་ལུགས་ཀྱི་འདུ་བ་རྒྱས་པ། གྲྭ་ཚང་སོ་སོར་ཡང་དངུལ། ཇ། བཟང་སྤུས་གསུམ་ཕྱེད་ཁྱེར་གྱིས་དཔངས་ཤིན་ཏུ་མཐོ་བ་བྱུང་གཤིས་ར་བ་སྨད་གྲྭ་ཚང་དུའང་དངོས་པོ་གྲྭ་སར་འགྱེད་རྒྱུ་དང༌། སྤྱི་སོར་སྦྱོར་རྒྱུའང་སྔར་མ་གྲགས་པ་ལྟ་བུ་བྱུང༌། དགུན་ཆོས་སྔ་རྟིང་དཔྱིད་ཆོས་སྨར་བར་བྱས། དབྱར་ཆོས་སྦྱིན་བདག་རྣམ་སེར་བ། རང་ལོ་ང་གཉིས་སུ་སླེབས། འཆད་ཁ་ལོ་ཙཱ་བ། རྒྱ་མ་ལོ་ཙཱ་བ། ལྷོ་བྲག་ལོ་ཙཱ་བ་གསུམ་གྱི་སྦྱིན་བདག་བྱས་ནས་རྡོ་རྗེ་རྣལ་འབྱོར་མའི་ཁྲིད། བྱིན་རླབས། ལུང་སོགས་རྒྱས་པར་ཕུལ། དབྱར་ཆོས་གྲོལ་ནས་སྟོན་ཆོས་སོགས་