R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༡༥
[A:༥༡༥]ཚུལ་ལྡན་བྱས། དགུན་ཆོས་དང་པོ་གྲོལ་ནས་སྐུ་ཞབས་རྩེ་གློ་བུར་དུ་མཚོ་སྣ་སོགས་སུ་ཆིབས་ཁ་བསྒྱུར། དེ་ནས་རྡོར་བྲག་ཏུ་ཕེབ་པའི་སྒོ་དོད། གཞུང་སྤྲོལ་ཞིང༌། རྗེ་ཕུག་སོགས་སུ་ཉི་འཁོར་གནང༌། ཆིབས་བསུ་སོང་བར་བ་རྒྱུག་རྟ་རྒྱུག །ཁྲིག་ཁྲིག་ནི་ཅིའང་མ་བྱུང༌། འདི་འདྲ་རྒྱུན་དུ་བྱེད་དགོས་ན་ཀ་ལི་འདི་གཅོག་པ་འདྲ་བསམ་པའང་ཤར། རྩེའི་ཞབས་ཕྱི་བན་རྒྱུ་དང༌། བྱང་གླིང་དུང་སྐྱོང༌། བསྐུལ་མཁར་བྱང་པ་སོགས་ཀྱིས་ངན་གྲོས་གྲྭ་བསྒྲིགས་ཀྱིས་སྒྱུར་སྦྱོང་སོགས་དཔེ་མེད་བྱེད་རྩིས་བྱས་བྱུང་ཀྱང༌། འཕྲལ་དུ་ནི་མཆོད་དཔོན་བློ་བཟང་རབ་བརྟན་ལགས་བཀའ་དྲིན་ཆེ་གཤིས་སྐྱོན་མ་བྱུང་ཞིང༌། མཐའ་ཕུགས་ནི་ཨཾ་ཡིག་པ་སངས་མ་རྒྱས་པའི་གང་དུ་ཉེ་གནས་སངས་རྒྱས་པའི་དཔེ་ལྟར་རྣམ་སྨིན་འཕྲལ་དུ་བརྡོལ་སོང་བས་ལས་འབྲས་འདི་ལ་ཡིད་ཆེས་པར་བྱུང༌། གཞན་གནོད་པའི་བསམ་སྦྱོར་ངན་པ་འདི། །དུས་རིང་པོ་མིན་པར་རང་ལ་འཁོར། །ཁོང་ལས་འབྲས་བསླུ་བ་མེད་པ་དེས། །དྲང་ངེས་ཀྱི་ཤན་དེ་འཕྲལ་དུ་ཕྱེ། རྡོར་བྲག་ཏུའང་བྱང་ཁ་བརྒྱུད་པ་རྣམས་ཀྱིས་མཇལ་ཁ་ཞུ་དགོས་སྟབས་རྨོར་པའི་མཇལ་ཁ་ཞུ་བར་ཕྱིན། བདེ་ཆོས་སྤྲུལ་སྐུའང་ཕེབ་པར་སངས་རྒྱས་རྡོ་རྗེས་མཛད་པའི་ཆོས་རྒྱལ་བྱང་པའི་རྣམ་ཐར་གྱི་ལུང་དགོས་ཕེབ་པར་བཀའ་ལྟར་ཕུལ། འདི་དུས་མཇལ་ཁ་སྣེ་སྦྱོར་གནང་མིའང་ཤིན་ཏུ་དཀོན་པར་བྱུང༌། དེ་ནས་དབྱར་ཆོས་ལ་བཏེག །སྦྱིན་བདག་སྤེ་སེར་བ་ཡིན། རང་ལོ་ང་གསུམ་པར་སླེབ་ཅིང༌། འདི་ལོ་སྐུ་ཞབས་བྱང་དུ་གདན་འདྲེན་པའི་སྒོ་དོད་པར་གསང་ཕུའི་དཔོན་སློབ་སྤྱི་ཚོགས་ཐམས་ཅད་ཀྱིས་རྒྱལ་ཞབས་མཇལ་བར་