[A:༥༢༤]ཁྲོལ་མ་བྱུང་ཞིང༌། བསྐྱར་ནས་ཞུས་པས་ཕྱི་མའི་དུས་དགོངས་པ་ཁྲོལ་ཙམ་བྱུང་ཀྱང༌། དེ་ཐག་ཆོད་འཕྲལ་ཡར་ཀླུངས་བཀྲ་ཤིས་ཆོས་སྡེ་ནས་བློ་བཟང་བསོད་ནམས་ཅན་གཉིས་གཞུང་ས་ཆེན་པོའི་བཀའ་ཤོག་སྤྱི་སོའི་ཕྱག་ཐམ་བཅས་སྙན་བརྒྱུད་ཀྱི་བསྟན་པའི་ལར་རྒྱར་བསམས་པས་ད་ལམ་ཅིས་ཀྱང་མ་འོངས་ན་མཚམས་རང་དུ་ཡོད་ཅེས་ཕྲག་སྐྱུར་མ་ཟེར་བྱུང་བར། ར་བ་སྨད་གཞི་བ་གྲྭ་ཚང་སོགས་ལ་གཟུགས་བཞིས་མ་ཕེར་སྟབས་དགོངས་ཁྲོལ་ཞུ་དགོས་བྱུང་བ་སོགས་བྱས་པར། འོ་ན་ཡོད་ཀྱི་ཐག་མི་ཆོད། སྒྲེས་གསུམ་ལ་ཞུ་དགོས་ཞེས་རེ་ཞིག་ལོག་སོང༌། འོན་ཀྱང་དེང་སང་གི་དུས་ཐབས་གཡོ་འཕྲུལ་སྣ་ཚོགས་པའི་སྒོ་ནས་བླ་མ་ལ་བཀའ་ཤོག་ཞུས་ནས་འོང་པའི་འདི་ཚོར་བསམས་ན་དར་ཁ་གང་ཡང་ཕུལ་ནས་མི་དགོས་པར་འབད་མེད་དུ་ཉིས་རིམ་སུམ་རིམ་འབྱུང་བ་འདིའང་སྔོན་བསགས་ཀྱི་འཕེན་ཤུགས་འདྲ་ནི་ལོས་ཡིན། ངེད་ཀྱི་རྗེས་སུ་བླ་མ་མཛད་པ་འགའ་ཞིག་གིས་ནི་བླ་མ་སྔོན་མ་དང་གང་ས་ནས་མི་འདྲ་ཞེས་རང་ཉིད་སྔར་མ་གྲགས་པའི་ཁྱད་འདོད་ནས་གཡོ་སྒྱུ་ངན་གྲོས་བྱེད་པའང་མཐོང་ཐོས་བྱུང་ཀྱང༌། འཇམ་མགོན་ས་སྐྱ་པཎྜི་ཏས། ཧ་ཅང་གཡོ་སྒྱུ་ཆེས་དྲག་ན། །རེ་ཞིག་འགྲུབ་ཀྱང་ཐ་མར་བརླག །གཟིགས་ལྤགས་བཀབ་པའི་བོང་བུ་ཡང༌། །ལོ་ཐོག་ཟོས་མཐར་གཞན་གྱིས་གསད། །ཅེས་པའི་ལུང་བསྟན་ཐོག་ཏུ་བབས་སོང༌། དེ་ནས་མི་འགྱང་བར་ལྷོ་བྲག་ཤིང་མང་དགོན་དུ་རང་གི་སློབ་བུ་དཔོན་སློབ་ཀུན་དགའ་རྡོ་རྗེ་གཤེགས་པའི་ཞལ་ཆེམས་ལྟར་གྲྭ་པ་གཉིས་སྤྱི་སོའི་ཡི་གེ་བཅས་འབྱོར་བ་ནན་ཆེ་གཤིས་དམ་ཚིག་དང་ལར་རྒྱར་བསམ། ཁག་སྦྱོང་ལ་མ་བལྟས་པར་ཁས་ལེན་བྱས། ཟླ་བ་དགུ་