R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༣༧
[A:༥༣༧]ཀྱི་རྡོ་རྗེ་སློབ་དཔོན་དུ་ཆག་མེད་དུ་ཕྱིན། ཆོས་སྡེའི་གྲྭ་སྒྲེས་རགས་རིམ་ལ་ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་དང༌། ཁྲིད་རྒྱས་པ་དང༌། གཟིམས་ཆུང་མགོན་ཁང་དུ་གནས་གསར་དབོན་རིན་པོ་ཆེ་སོགས་ལ་བྲག་རྫོང་མའི་ཁྲིད་ཤིན་ཏུ་སྨིན་པར་ཕུལ་ཞིང༌། དགེ་སློང་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱང་ཡོད། ཟངས་གྲི་སྐོར་གསུམ་གྱི་རྗེས་གནང་ཀྱང་ཕུལ། རང་ལོ་ང་དགུ་པ་ཆུ་འབྲུག་ལོར་སྔར་གྱི་འཕྲོས་ཞལ་རས་ལྷ་ཁང་གི་སྐྱ་ལྷོའི་སྟེང་ལྟར་ལ་དབུས་སུ་རིགས་བདག་རྡོ་རིང་པ་ཆེན་པོ་ནས་གཡས་གཡོན་དུ་གྱེས་པའི་གཡས་ངོས་སུ་རྣལ་འབྱོར་དབང་ཕྱུག་བིརྺ་པ། གཡོན་ངོས་སུ་རྡོ་རྗེ་གདན་པ་སྠ་བི་ར་སོགས་སྐུའི་སྐྱེས་རབས་བཅུ་གཉིས་རྣམས་ཞལ་སྤྲོད། གཙོ་བོ་རྡོ་རྗེ་འཆང་ཚར་པ་ཆོས་རྗེ་རིགས་ལྔའི་རྣམ་འགྱུར་ཅན་ཆེ་བ་ལྔ་ལ་ཐུགས་སྲས་རེ་རེ་སྐུ་མདུན་དུ་ཡོད་པ་སྐུ་ཚེ་འདིའི་འཁྲུངས་རབས་རྒྱས་པ་སོར་བཞག་དང་བཅས་པ་མཐོང་བ་ཙམ་གྱིས་ཡིད་འཕྲོག་ནུས་པ་གཟབས་ཚོན། མགོན་ཚར་པ་ཆེན་པོ་མི་འཁྲུལ་བ་ཤེས་ཕྱིར་སྐུ་ཤ་རྣམས་གསེར། འཁྲུངས་རབས་འདི་གཟུར་གནས་ཀྱིས་བལྟས་ན་ཡ་མཚན་པར་ཡོད། ལྷོ་ནུབ་ངོས་ཀྱི་འོག་ཏུ་ངེད་རང་འཁོར་བཅས་སྦྱིན་བདག་གི་ཚུལ་དུ་ཡོད་པ། ལམ་ཟབ་ལྷ་ཁང་ངོས་ཤར་གྱི་སྐྱ་ལ་རྡོ་རྗེ་འཆང་གཞོན་ནུ་བློ་གྲོས་ཀྱི་རྟོགས་བརྗོད། མཁན་རབས་རྣམས་ཀྱང་ཞིབ་ཏུ་བཀོད་པ་ཚོན་ཚོགས་གཟབས་བྲིས་དང་བཅས་པ་ལེགས་པར་གྲུབ། ལོ་འདི་ནང་དུ་རྗེ་དབོན་ཀུན་དགའ་ལེགས་པའི་འབྱུང་གནས། སྒེར་པ་རྗེ་དབོན་རིན་པོ་ཆེ་བློ་གསལ་འཇམ་དབྱངས་ཕུན་ཚོགས། ཁེ་གསུམ་སྡེ་པ་བསྟན་འཛིན་དོན་གྲུབ་སྐུ་མཆེད། དགེ་སློང་ཚུལ་ཁྲིམས་རྒྱ་མཚོ་ལགས། གེ་རེ་སྡེ་