R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༤༣
[A:༥༤༣] ཚོགས་ཧ་ཅང་ཚན་ཆེས་ན་བག་མེད་དུ་སོང་དོགས་མ་ཆད་ཙམ་ལས་གཞན་མང་ངར་བསྒྱུར། སྒྲིག་རྣམས་སྐོར་གན་འདོམས་ཚོགས་གཏམ་ནན་ཆགས་པ་ས་སྐྱ་པའི་བསྟན་པའི་ལར་རྒྱར་ཁུར་བསམ་བྱེད་དགོས་ཚུལ་དང༌། ལྷག་ཏུ་གསང་ཕུའི་མར་འགྱེད། རྣམ་སེར་གྱི་གྲྭ་རྒྱུན་སོགས་ཆད་མེད་འོང་བས་ཁུར་བླང་དགོས་ཚུལ་ནན་བསྐྱེད་ཞུས། འོན་ཀྱང་ཕུག་རོན་གཤམ་ནས་ཨ་ལོང་འབྱུང་བའི་དཔེ་རང་ནི་མི་འོང་ལས་ཆེ། བཀའ་རྒྱ་གྲྭ་དམངས་བཅས་པས་ཀྱང་མར་གཙོ་བོར་གྱུར་པའི་འབུལ་དཔངས་མཐོ་བར་བྱུང་ཞིང༌། གྲྭ་བཙུན་སྦྱིན་བདག་ཐམས་ཅད་ཞེན་གཞན་ལས་ཆེ་བ་ཡོད་སྟབས་ཐུགས་འཕྲེང་བར་མཛད་འདུག །འོང་ཁར་གྲྭ་པ་སོ་སོས་ཇ་སྟིར་བཅས་དགོན་གཤམ་དུ་སྐྱེལ་བར་ཕེབ། བགྲེས་གཞོན་མེད་པ་ཐམས་ཅད་སྤྱན་ཆབ་མི་མཛད་མཁན་མི་འདུག་པས་ཡིད་སྐྱོ་བར་བྱུང་ཀྱང་ཐམས་ཅད་ལ་གསུང་གླེང་ཞིབ་པ་སློག་ཆ་ཟབ་པར་ཕུལ། རྟ་ཁ་བསྒྱུར་འོང་བར་ཁ་བཏགས་རས་སོགས་ཀྱིས་གཡབ་མོ་མཛད་བྱུང་བ་སླར་འོང་བའི་རྟེན་འབྲེལ་གྱིས་རྟ་ཁ་བསྒྱུར་བ་གསུམ་གྱི་བར་དུ་བྱས། གྲྭ་པ་ཐམས་ཅད་རི་སྒང་དེར་དམར་ཕུང་ངེ་བཞུགས་འདུག །རི་བབས་མཚམས་གཉེར་པ་བསྟན་ཆོས་པས་ཆིབས་ཤོལ་དང་རྫོང་བ་ལྟར་བྱུང༌། དེ་ནུབ་ཐ་དཀར་རྒྱལ་པོའི་སྤང་གཤོངས་ཞིག་ཏུ་བསྡད། ལམ་ཞག་བཅུ་སོང་ནས་རང་གནས་སུ་སླེབས། ཟླ་བ་བཅུ་གཅིག་པར་ཡར་ཀླུངས་སུ་ཆིབས་བསུ་དང་སེར་སྒྲེང་རྒྱས་པ་བཅས་ཆོས་སྡེར་སླེབས། གཏོར་ཟློག་གི་རྡོ་རྗེ་སློབ་དཔོན་དུ་ཕྱིན། ཟླ་བ་བཅུ་གཅིག་པའི་ནང་དུ་དབོན་རིན་པོ་ཆེན་ཀུན་དགའ་ལེགས་པའི་འབྱུང་གནས། གསང་ཕུ་གླིང་སྟོད་ཞབས་དྲུང༌། བཞི་པ་དཔོན་སློབ་ཕུན་ཚོགས་སྐལ་བཟང་བླ་གྲྭ་དྲུག །དགེ་