R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༤༦
[A:༥༤༦]བརྒྱན་པས་ཁའུ་བྲག་རྫོང་པའི་ལུགས་ཀྱི་ཕྱག་ལེན་འཁྲུལ་མེད་ལྟར་བགྱིས་པས་སེམས་ལ་དགའ་སྤྲོ་ཐོབ་ཅིང་ཕྲིན་ལས་སྒྲུབ་སྙམ་པ་ཡོད། འདི་ལོ་ཆོག་མང་ལ་དུས་འཁོར་གྱི་སྦྱིན་སྲེག་བགྱིས་པའི་བུ་སྟོན་ཐམས་ཅད་མཁྱེན་པའི་ཕྱག་ལེན་འཁྲུལ་མེད་ཕུར་གདབ་ཀྱི་སྟངས་སྟབས་སོགས་བློ་གྲོས་ཤེས་རབ་ཀྱིས་ཁྲིད་ནས་ཨོ་ཟོབ་ཏུ་མ་སོང་བར་བྱས། དཔོན་སློབ་སངས་རྒྱས་རྒྱལ་མཚན་ཆབ་མ་འཕྲོད། ཤིང་མང་བླ་མ་བརྟག་དྲིལ་ཕུལ་བར་གུང་ཐང་པ་དམ་ཆོས་ཀུན་བཟང་ཐོན་པ་བསྐོ་བཞག་བྱས། སྔར་སོར་ལྷ་སར་ཞབས་བརྟན་སྐབས་འཆད་ཁ་ཟུར་ཁང་པའི་སྡེ་པ་སོགས་མི་གསོད་སྐོར་གྱི་འཁྲུན་གཅོད་ཞུ་དོན་ལ་འདུག་པར་ངེད་ཀྱི་འཁྲིས་སུ་བྱོན་པའི་འཆད་ཀ་བ་ཉམ་དམའ་བ་ཡོད་པ་འདི་ལོ་གཞུངས་ནས་བཀའ་སྩལ་བཅས་སྔར་ལུགས་ལྟར་བྱས་ཆོག་ཕེབ་པས་དེས་ན་ས་སྐྱ་པའི་བསྟན་པའི་ལར་རྒྱར་བསམ་པའི་ཁུར་ལེན་ལ་ཅིས་ཀྱང་འོང་དགོས་ཚུལ་བྱུང་བར། ཁྱེད་རང་རྣམས་སྙིང་རུས་བསྐྱེད་པའི་བསམ་ཁུར་དེ་བཞིན་ཤིན་ཏུ་ལེགས་ཤིང༌། ད་དུང་ཡང་སྔར་མུས་ལྟར་མུས་མཐུད་པའི་ཞེ་རུས་བསྐྱེད་དགོས། ངེད་ཀྱི་ཕན་ཐོགས་པ་བྱུང་ན་ལོས་ཀྱང་བྱེད། ད་ཆ་ན་སོ་མཐོ་ཞིང་ས་ཐག་རིང་བ་དང་དགོན་པ་གཉིས་ཙམ་གྱི་ཁ་འཛིན་དགོས་ཤིང་དེ་འདྲའི་རེ་བ་མེད་ཅེས་སྨྲས་པར། ད་དུང་འོང་ཆོག་པར་དགོས་ཞེས་གསུངས་འདུག་ཀྱང༌། དོན་རང་ལ་སླེབས་མི་འོང་བསམ་པར་འདི་ལོ་ལོ་ཙཱ་བ་བྱེད་མི་བཀའ་བཅུ་སངས་རྒྱས་བཟང་པོ་ཅན་གཉིས་འབྱོར་པའི་སྔར་མུས་ལྟར་ཨུ་ཚུགས་ཁ་ཞེ་མེད་པར་ཟེར་བའི་རམ་ཆོས་སྡེའི་གྲྭ་སྒྲེས་འགའ་དང༌། རྒྱ་མ་སྐུ་སྐྱེ་སོགས་ཀྱིས་བཏེག་ཨུ་ཚུགས་ཆེས་པར་བརྟེན་དེ་ལྟར་ན་ཟླ་བ་བཞི་པར་ལན་