R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༤༧
[A:༥༤༧]ལེན་དུ་བྱོན་བྱས་ཕྱིར་སློག་པས། ངེད་ཆོས་སྡེ་ནས་མ་འཁོར་གོང་ནས་རྨོར་དུ་སླེབས་གྲུབ་འདུག་པས། དོ་གལ་དང་བསྟན་པ་ལ་ཞེ་རུས་ཆེ་བར་འདུག་སྙམ་ཁས་བླངས། ཟླ་བ་ལྔ་པར་ཡང་ཏིག་འབོད་མི་བྱུང་བ་བཅས་ཚེས་ལྔ་ལ་རང་གནས་ནས་བཏེག །ཡར་ལམ་སྣོན་ལ་ཕྱིན། ཚེ་དབང་སོགས་ཕུལ་ནས་རིམ་གྱིས་ཕྱིན་པས་གྲིབ་འཕྲང་ཐུག་ནཽའང་སྐྱེལ་བར་ཡོད། ཚེས་དགུའི་ཉིན་དགོན་པའི་ཆུ་ལྷོ། སྲིབས་རིའི་མདུན་སྤང་ལྗོངས་ཞིག་ཏུ་ཚོགས་གུར་ཕུབ་པའི་ཐབ་བསུ་རྒྱས་པར་འདུག །སང་ཉིན་སྡེ་པ་བསྟན་འཛིན། དབུ་ཆོས། ཚོ་གསུམ་གྱི་ཆིབས་བསུ་བཅས་རབ་བརྒལ་ཉི་དྲོས་ལ་འབྱོར་པར་བྱས་པའི་སེར་སྦྲེང་སོགས་ཀྱི་སྲོལ་ནི་མི་འདུག །ཟླ་མཆོད་འདུ་ཁང་གི་བད་སྟེང་དུ་གྲྭ་པ་རྣམས་རྩེ་ཞྭ་དང་བཅས་ཚོགས་གྲལ་བསྒྲིགས་པ་ལྟ་བུར་བཞུགས། རྔ་ཆོ་ལ་སོགས་རོལ་མོ་ཁྲོལ་བར་འདུག །སྤྱི་སྒེར་ཐམས་ཅད་ནས་ཁྲི་སྟོན་འབུལ་བ་སོགས་འབྲོག་ལུགས་ཀྱིས་གཟབས་པར་བྱུང༌། སྤང་པ་སྤྱན་སྔ་ངག་དབང་ཕྲིན་ལས་ཀྱང་ཇ་འདྲེན་པར་བྱུང༌། རྒྱ་མ་སྐུ་སྐྱེ་སོགས་དང་གཉུག་མར་གནས་པ་སུམ་ཅུ་སྐོར་ལ་གྲངས་བཅད་ཀྱིས་ཀྱེ་རྡོ་རྗེའི་དབང་རས་བྲིས་ལ་བསྟེན་པ་སྒྲུབ་མཆོད་ཁང་དུ་བསྐུར། དེ་རྗེས་མཁའ་སྤྱོད་མའི་བྱིན་རླབས་སྔོན་དུ་བཏང་བའི་ཉམས་ཁྲིད་སྨིན་པ་ཞག་བཅོ་ལྔ་སྐོར་བྱས། གྲོལ་གདོང་མཁའ་འགྲོ་མ་འགྲོ་བ་བཟང་མོའི་ལུགས་དར་ལམ་གཅོད་པ་སོགས་ཀྱི་བརྟན་བཞུགས་ཤ་མར་ཐུད་གསུམ་སོགས་ཚོགས་འཁོར་རྒྱས་པར་ཕུལ། ཞག་ཉི་ཤུ་སྐོར་བསྡད་ནས་དགུན་འོང་བར་ཁས་བླངས། ཆུ་ཤིན་ཏུ་རྒྱས་གཤིས་རིན་ཆེན་གླིང་གི་མདུན་ཟམ་སྐོར་མར་ལམ་གུང་