R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༤༨
[A:༥༤༨]ཐང་དུ་ཟུར་སྤྲུལ་རིན་པོ་ཆེ་མཇལ། གཞིས་ཁ་སྣེའུ་ནང་ལྷོར་ཚེ་དབང་བྱས། རྣམ་སེར་དྲུང་ཆེན་རིན་པོ་ཆེ་སོགས་གྲྭ་པ་མང་བ་འཕྲད་པར་ཕེབ། བསྣོན་གཞིས་ཀར་ཞལ་ངོ་རྣམས་ལ་ཚེ་དབང་ཕུལ། རང་གནས་སུ་འབྱོར། འཆད་ཁ་དགོན་དུ་སྨན་བླ་རྒྱུན་འདོན་དར་སོ་ཤིན་ཏུ་ཆེ་བ་འདུག་ཀྱང་དམིགས་རྟེན་གྱི་ཕོ་བྲང་སོགས་ཚུལ་ལྡན་མི་འདུག་གཤིས་བསྟན་པར་ཕན་ཆེ་བར་བསམས་ཤིང་བཟོ་བོ་ཀུན་གསལ་གྱིས་བྱས་པའི་ཕོ་བྲང་གི་སྒྲོམ་བང་རིམ་བཞི་བརྩེགས་བྱས་པའི་འཁྲུལ་མ། སྤྲེལ་ཞིང་སྤྲུལ་སྐུས་ཚོན་རྩི་བཟང་བ། རྒྱལ་སྲིད་སྣ་བདུན་མཆོད་པའི་ལྷ་མོ་སོགས་ཙ་ཀ་ལི་ལས་ཟོར་ཡང་ཁྱད་ཕོ་བྲང་གི་བང་རིམ་རྣམས་སུ་བྲིས། གསེར་ཤོག་སོགས་རྒྱས་པར་བྱས་པ། སྟེང་དུ་དགྲམ་རྒྱུའི་དཀྱིལ་ཐང་པྲ་རྩིས་མནན་པ་སོགས་གཤམ་བཅས་དང༌། ལྷ་ང་གཉིས་སྨན་འདམ་ལས་གྲུབ་པ། དབུས་སུ་སྨན་མདོ་བརྒྱད་བརྒྱ་པའི་གླེགས་བམ། གླེགས་ཤིང༌། སྐུ་ཆིངས། ན་བཟའ་མིནྟྲ་བཅས། གོས་དར་གྱི་འཕན་ལག་གསུམ་པ་ཕྱོགས་རེར་བཅུ་གསུམ་རེ། ཟུར་བཞིར་རྒྱལ་མཚན། དབུས་སུ་གདུགས་བཅས། གསེར་ཏོག་ལྔ་བཅས། ཕན་ཡུ་ལྕགས་རྐང་མ་རྒྱུན་དུ་རྡུལ་དང་ཉི་ལྷགས་བསྲུང་བའི་ལ་ཏ་སྔོན་པོའི་ཡོལ་བ་ཨ་ལུང་ཁ་བཤུར་བཅས་ཆ་འགྲིགས་བཟོས། ཕེབ་མི་མང་བ་བཅས་འདི་ལོ་མགྲོན་ཁང་དང་བློ་གསལ་གྱི་སྤྱིལ་བུ་གསར་རྒྱག་བྱས། ཚོང་འདུས་ཚོགས་མཁན་པོ་འཇམ་དཔལ་གྲགས་པ་ཕེབ་པར་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་སོགས་ཆོས་མང་བར་ཕུལ། སྦྲུལ་ལོ་ཟླ་བ་དགུ་པའི་ནང་དུ་གྲྭ་ཚང་གི་སྡེ་པ་དོན་ཡོད་ལགས་སྟེང་གྲིབ་ཀྱི་སྙུན་བབས་ལྕི་བར་བརྟེན་ངེད་རང་ཚད་སྣར་