[A:༡༠༠]ནས་རེ་ཞིག་གཙང་ལ་ལོག །མ་འགྱངས་པར་བཀྲ་ཤིས་ཆོས་སྡེར་མཆོད་ཡོན་གྱི་ཕྱག་དམ་དང་བཅས་བང་ཕྱིན་ཆེད་མངགས་བཞིན་ཞབས་དྲུང་དུ་འབྱོར་ཡང༌། རྗེ་འདི་ཉིད་ཀྱིས་དབུས་གཙང་ས་ཁད་འགྱངས་པས་མི་འོང་གསུངས་ནས་ཞུ་ཤོག་མ་བཞེས་པས་བང་ཕྱིན་དེས་རྨོར་ཆེན་རྗེའི་ཞབས་དྲུང་དུ་ལྷགས་ཏེ་བཀའ་ཁྱབ་མགོ་འདྲེན་ཞུས་པ་བཞིན་གསུང་ཤོག་བང་ཕྱིན་གྱི་ཡི་གེ་དང་བཅས་གྲོང་ཆེན་གདན་ས་མཛད་དགོས་ནན་ཏན་སྩལ་བ་བཞིན་ཞལ་གྱིས་བཞེས། མེ་ལུག་ཧོར་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ནས་ས་སྤྲེལ་ཧོར་ཟླ་ལྔ་པའི་ཉེར་དྲུག་བར་གངས་ལྗོངས་བསྟན་སྲིད་ཀྱི་གེགས་ཆག་གློ་བུར་དུ་ལངས་པ་ལྟ་བུས་གནམ་བསྐོས་དགའ་ལྡན་ཕོ་བྲང་པའི་བཀའ་བློན་ཆེན་པོ་རྣམས་ཐུགས་མ་མཐུན་པས་རྐྱེན་བྱས་དབུས་གཙང་བདེ་གཟར་ལངས། ཉེས་མེད་སྐྱེ་འགྲོ་དུ་མ་གུམས་ཤིང༌། སྤྱི་བྱེ་བྲག་ལ་ཕན་ངེས་པའི་གནས་རྟེན་བསྟན་འཛིན་དགེ་འདུན་གྱི་སྡེ་ཁ་ཤས་ལའང་ཉམས་ཆག་བྱུང་བ་བཅས། ཡང་ཏིག་བོད་འབངས་བསོད་ནམས་ཟད་པའི་སྐལ་ངན་དེ་འདྲར་རླབས་ཆེན་རྒྱལ་སྲས་ཀྱི་སྤྱོད་པས་གཙང་དབུས་གཉིས་ཆར་ལ་གང་ཕན་མཛད་པའི་དགོངས་གཏད་ཐུན་མོང་མིན་པ་ཡོད་འགྲོའང༌། རྨུ་རྒོད་རྣམས་རེ་ཞིག་གདུལ་བྱར་མ་གྱུར་པས་ཆོས་སྡེ་ཉིད་དུ་གཏན་ཆགས་ཤིང་ཐུགས་གཉེར་ཐུགས་དམ་གྱི་རིགས་རྣམས་རྟག་འགྲུས་མཛད། དེ་སྐབས་རྨོར་ཆེན་རྡོ་རྗེ་འཆང་དེ་ཉིད་མཁས་གྲུབ་འགྲན་ཟླ་དང་བྲལ་བར་བཞུགས་པས་རིས་མེད་ཆེ་རྒུ་ཕལ་ཆེར་གྱི་དབུ་བླར་གྱུར་པ་ལ་དུས་མ་བདེ་བ་དེ་ལྟའི་སྐབས་གནས་ཚུལ་སྣ་ཚོགས་བྱུང་དོགས་བཅས་ཞལ་སློབ་སྤྱི་དང༌། ཁྱད་པར་རྗེ་འདི་ཉིད་ཀྱིས་ཆེད་གཏད་ཞབས་དྲུང་