[A:༡༣༡]གཞན་གྲུབ་པ། རྩོད་རིགས༌། མངོན་པ་ཀུན་ལས་བཏུས། མཛོད་རྩ། སོ་ཐར་གྱི་མདོ། མདོ་རྩ། མེ་ཐོག་ཕྲེང་བརྒྱུད། སུམ་བརྒྱ་པ། དེའི་རང་འགྲེལ་འོད་ལྡན། ཀ་རི་ཀ་ལྔ་བཅུ་པ། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན། མདོ་སྡེ་རྒྱན། རྒྱུད་བླ་མ། ཆོས་ཉིད་རྣམ་འབྱེད། དབུས་མཐའ་རྣམ་འབྱེད། དབུ་མ་རྩ་བ་ཤེས་རབ། རིགས་ཚོགས། བསྟོད་ཚོགས། གཏམ་ཚོགས། དབུ་མ་བཞི་བརྒྱ་པ། འཇུག་པ། སྤྱོད་འཇུག །བྱང་ས། བསླབ་བཏུས། མདོ་ཀུན་ལས་བཏུས་པ། སྐྱེས་རབས་སོ་བཞི་པ། བསྐལ་བཟང་གི་སངས་རྒྱས་སྟོང་གི་ཕྱག་འཚལ། སྐྱེས་རབས་དཔག་བསམ་འཁྲི་ཤིང༌། ཕར་ཕྱིན་གྱི་འགྲེལ་པ་དོན་གསལ། ཚད་མ་རིགས་གཏེར། སྡོམ་གསུམ་རབ་དབྱེ། ཕ་ཆོས། བུ་ཆོས། བཀའ་གདམས་ཐོར་བུ། རིན་སྤུངས་སྐོར་གསུམ། སུམ་པ་ལོ་ཙཱ་བའི་བློ་སྦྱོང་གི་ཉམས་ཁྲིད། ཀླུ་དབང་གི་རྒྱལ་པོ་ལྷ་ལྔའི་རྗེས་གནང༌། གདུགས་དཀར་སྐོར་གྱི་ཡི་གེ་མང་པོའི་ལུང༌། དྲི་མེད་རྣམ་པ་གཉིས་ཀྱི་དབང་ལུང་ཚང་མ། རྣམ་རྒྱལ་ལྷ་དགུའི་རྗེས་གནང་ལུང་བཅས། རྡོ་རྗེ་ནག་པོ་ཆེན་པོ་གྱི་ལྗང་ལུགས་ཀྱི་ཆོས་སྐོར་ཚང་མའི་ལུང༌། ལྷ་མོ་དུད་སོལ་མའི་རྗེས་གནང་དང་ལུང་ཚང་མ། གསེར་ཆོས་སེང་གེ་སྒྲའི་རྗེས་གནང་ལུང་བཅས། ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ཨོ་རྒྱན་བླ་མའི་རྣལ་འབྱོར་དང་གསོལ་འདེབས་ལེའུ་ཚན་སོགས་དང༌། གནུབས་སྟོན་རིག་འཛིན་ཆེན་པོ་བློ་བཟང་དོན་གྲུབ་ཀྱི་དྲུང་ནས། བྱང་གཏེར་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ཆོས་སྐོར་ཕལ་ཆེར་གོང་ས་ལྔ་པའི་གསན་ཡིག་བཞིན་གྱི་ལུང༌། སྤུ་བྲག་བླ་ཆེན་ལེགས་པ་