R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༥༢
[A:༡༥༢]བ་བསྟར། ཆོས་སྡེའི་གཙུག་ལག་ཁང་དང༌། མགོན་ཁང༌། རྣམ་སྲས་ལྷ་ཁང་སོགས་མཆོད་མཇལ་གྱི་སྐབས་ཀྱང་འབྲལ་མེད་དུ་ཕེབ་ནས་རྟེན་བཤད་མཐའ་དག་ཞིབ་པར་སྩལ། འདུ་ཁང་སྟེང་གི་ཚར་ཆེན་རྣམ་ཐར་གྱང་རིས་དེ་ལ་བསམ་ངན་གྱིས་ཞིབ་འཇུག་བྱས་པ་མིན་ཀྱང༌། འདར་གདོང་འཁྲུགས་པའི་ཞིང་བཀོད་ཀྱི་ཐད་དེར་འདི་ཅི་འདྲ་ལགས་ཞུས་པས། འདིར་འདར་གདོང་འཁྲུགས་ནས་ཕན་ཚུན་འཐབ་མོ་བྱེད་ཅིང་ཚར་ཆེན་རིན་པོ་ཆེས་མཆོད་གཡོག་ལ་ཐོག་ཁ་ནས་མི་རྐང་བུས་གསུངས་པ་དང་སེར་བ་བབས་ཤིང༌། མ་ཆེན་རྡོར་བཀྲས་ཀྱིས་ཚར་ཆེན་ལ་མཐུ་དགོས་ཞུས་པས་ཞལ་གྱི་མ་བཞེས་པར་ངོ་ནག་ཐུག་གེར་བསྡད་པ་སོགས་ཀྱི་ཞིང་བཀོད་ཡིན་འདུག་གསུངས། དེ་སྐབས་སུ་སེམས་ལ་རྟོག་པ་ནི་ཅིའང་མེད། ཕྱིས་སུ་གནས་ཚུལ་དེ་འདྲ་ངན་ཅན་གྱིས་ཞུས་པ་མིན་ནམ་སྙམ་པའི་དགོངས་པ་ཚོམ་དོགས་འགྱོད་པོ་བྱུང་ཡང༌། ཚར་ཆེན་རྣམ་ཐར་གྱི་ལྗགས་ལུང་སྐབས་སོགས་གང་ལ་དཔག་ཀྱང་ཚོམ་གཞི་མ་བྱུང་འདྲ། ཆོས་སྡེ་ནས་འོང་སྐབས་སྲི་གཅོད་འབུམ་པར་ཐབ་སྐྱེལ་སྐབས་དེ་སྐོར་ཚོང་དཔོན་དང་ནེ་ཙོའི་ལོ་རྒྱུས་སོགས་གནང་ཞིང༌། མཆོད་རྟེན་དེ་ལ་བསྐོར་བ་བྱས་ན་སྲི་ལས་ཐར་ཚུལ་གསུངས། བྱ་ས་ལྷ་ཁང་དུ་སྐྱེལ་མར་ཕེབ་ཚེ་དེ་སྐོར་གྱི་རྟེན་བཤད་ཞིབ་པར་བཀའ་དྲིན་བསྐྱངས་པ་སོགས་སྐྱེ་བ་དང་ཚེ་རབས་ཐམས་ཅད་རྗེས་སུ་འཛིན་པའི་སྒོ་འདི་ནས་དོད་དེ། མིག་དམར་ཞེས་པ་ཤིང་ཕོ་བྱི་བའི་ལོ་སྨོན་དགའ་རིན་ཆེན་བསམ་གཏན་གླིང་དུ་དགེ་སློང་ལྷུན་གྲུབ་མཆེད་ཀྱིས་སྦྱིན་བདག་བྱས་ཏེ། རིག་འཛིན་སྐལ་བཟང་རྣམ་གྲོལ་དང་དཔོན་སློབ་དགེ་འདུན་གཞན་ཕན་སོགས་ཕྱོགས་འདུས་དང༌། གཉུག་མར་གནས་པ་བཅས་ལ་གསུང་ངག་