R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༥༧
[A:༡༥༧]དབྱངས་དམར་སེར། སྨྲ་སེང༌། ས་པཎ་བླ་མའི་རྣལ་འབྱོར། སྤྱན་རས་གཟིགས་ཕྱག་བཞི་པར་སྒྲུབ་ཐབས་བརྒྱ་རྩའི་ཆིངས། བཅུ་གཅིག་ཞལ། སེང་གེ་སྒྲ། སྤྱན་རས་གཟིགས་སྐྱེར་སྒང་ལུགས་གཙོ་འཁོར་གསུམ། མི་གཡོ་བ་དཀར་སྔོན། རྟ་མགྲིན་ཇོ་ལུགས། རི་ཁྲོད་མ་སེར་མོ། གཙུག་ཏོར་འབར་བ། འབྱུང་འདུལ། གཉན་སྒྲོལ། སེང་ལྡེང་ནགས་སྒྲོལ། ཕྱག་རྡོར་ཨུུ་ཙྭརྱ། ཕྱག་རྡོར་གཏུམ་པོ། འཇིགས་བྱེད་དཔའ་གཅིག །གཙུག་ཏོར་རྣམ་རྒྱལ། སྒྲོལ་དཀར་འོད་ཟེར་དྲུག་སྦྲགས། དབང་གི་སྒྲོལ་མ་དམར་མོ། རྡོ་རྗེ་རྣམ་འཇོམས། སྨེ་བརྩེགས་ས་ལུགས། ཁྲོ་མོ་སྨེ་བརྩེགས། སྨེ་བརྩེགས་ཇོ་ལུགས། སངས་རྒྱས་ཀླུ་དབང་ལྷ་ལྔ། སྨན་བླ་མཐོ་བརྩེགས། རྟ་མགྲིན་གྲུབ་རྒྱལ། སྐྱེར་སྒང༌། ཟླ་རྒྱལ། ཡེ་ཤེས་ཁྱུང་ཁྲ། སྣ་ཚོགས་ཡུམ། རྡོ་རྗེ་ཤུགས། སོར་འབྲང་དཀར་མོ། བཀའ་གདམས་ལྷ་བཞི། ཛམ་སེར་ནག །སེང་གདོང་སྔོ་དམར། ཤངས་ལུགས་ཕྱག་དྲུག་སྔོ་དཀར། དམག་ཟོར་མ། ཤེར་ཕྱིན་དཀར་མོ། ནོར་རྒྱུན་སེར་མོ། དབྱངས་ཅན་དཀར་དམར། གྲ་ཛམ། ས་ལུགས་ཛམ་དམར། ཛམ་དཀར་ལྷ་ལྔ། ཞལ་དཀར་པོ་ཚེ་འཕེལ་ཐུན་མོང་མ་ཡིན་པ། ཁྱུང་ནག །སེང་ལྡེང་ནགས་སྒྲོལ། ཕག་དཀར། ཕྱག་རྡོར་ཁང་བརྩེགས། ཞང་བློན། གནས་བརྟན་བཅུ་དྲུག །དམར་པོ་སྐོར་གསུམ་གྱི་རྗེས་གནང་ངོར་ལུགས་ཐུན་མོང་བ། རིགས་བྱེད་མ་གསང་སྒྲུབ་ལྷ་ལྔ། གཟའ་ཡུམ་གཙོ་འཁོར། དུད་སོལ་ཕྱི་སྒྲུབ། འབྱུང་འདུལ་སེམས་དཔའ་སུམ་བརྩེགས། ཚོགས་བདག་ཐུན་མོང་མ་ཡིན་པ་དང༌། ཁྱད་པར་མཁའ་སྤྱོད་མའི་བྱིན་