[A:༡༥༨]རླབས། བདེ་མཆོག་དཀར་པོ་རྣམས་ཀྱི་རྗེས་གནང་དང༌། གསུང་ངག་དང་རྗེས་འབྲེལ་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད། སློབ་མ་རྗེས་འཛིན། ཀྱེ་རྡོར་རྒྱུ་དབང༌། ལམ་དབང༌། རྡོ་རྗེ་བདག་མེད་མའི་སིནྡྷཱུ་རའི་བྱིན་རླབས། བིར་སྲུང་ཐུན་མོང་དང་ཐུན་མོང་མ་ཡིན་པ། བླ་མ་རིན་འབྱུང། ཚར་གསུམ་ཁུག་པ། ཨཥྟཱའི་བཟླས་ལུང་དང་ཡིག་བརྒྱའི་བྱིན་རླབས། བརྡ་དོན་གསལ་བ། བརྡ་ཆིག་བརྒྱུད། སྒྲུབ་པ་ལུང་སྦྱིན། གསང་བཅུའི་རྒྱས་གདབ། རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས། མགོན་རྐྱང་རྗེས་གནང་རྣམས་དང༌། གོང་དུ་བཤད་པའི་རྗེས་གནང༌། བྱིན་རླབས། དབང་དེ་དག་དང་འབྲེལ་པའི་སྒྲུབ་སྐོར་ལས་ཚོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡི་གེ་རྣམས་ཀྱི་ལུང་དང༌། བླ་མ་རྒྱ་བོད་ཀྱི་ལོ་རྒྱུས། ལམ་འབྲས་ཀྱི་ཆོས་འབྱུང་ཁ་ཤས། གོང་མ་ལྔ་ནས་བཟུང་མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱི་བར་དང༌། བདག་ཆེན་རྡོ་རྗེ་འཆང་ནས་བཟུང་རྨོར་ཆེན་ཆོས་ཀྱི་རྒྱལ་པོའི་བར་གྱི་བླ་བརྒྱུད་ཁག་ཆེ་བ་རྣམས་ཀྱི་རྣམ་ཐར། པོད་སེར། པོད་དམར། པོད་ནག །དེ་དག་གི་དགོངས་དོན་ཐུན་མོང་མ་ཡིན་པ་ཁའུ་བྲག་རྫོང་པའི་རིང་ལུགས་ཀྱི་ཡི་གེ་བདག་ཆེན་རྡོ་རྗེ་འཆང་དང༌། ཚར་ཆེན་ཡབ་སྲས་རྗེས་འབྲངས་དང་བཅས་པས་མཛད་པའི་ལུང་རྒྱུན་དགོས་གལ་ཆེ་ངེས་རྣམས་དང༌། ལྗགས་བཤད་ཀྱི་སྐབས་སུ་གསུང་ངག་ཆོས་འབྱུང་ཁོག་ཕུབ། བླ་མ་བརྒྱུད་པའི་རྣམ་ཐར། བླ་མ་བསྟེན་ཐབས་དང་དམ་ཚིག་རྣམ་བཤད། ཕྱི་ནང་གི་བསྐྱེད་རིམ་གྱི་བཤད་པ་སོགས་ཟབ་ཅིང་གཏིང་དཔག་དཀའ་བའི་ཚོགས་ཀྱིས་ཉེ་བར་བརྒྱན་ཏེ་སྣང་གསུམ་རྒྱུད་གསུམ་སོགས་ཀྱི་ཟབ་ཁྲིད་