[A:༡༥]གསོལ་འདེབས་ཞལ་གསུང་མ་ལས་ཇི་ལྟར་བྱུང་བ་ལྟར་འཁྲུངས་རབས་ཀྱི་ཕྲེང་བ་མདོར་བསྡུས་ཏེ་བརྗོད་པ་ནི། གང་གི་ཞལ་སློབ་སྤོར་ནས་སྡེ་པ་ངག་དབང་བསྟན་འཛིན་ཕུན་ཚོགས་ཀྱིས་ཞུས་ངོར་སྩལ་བའི་འཁྲུངས་རབས་གསོལ་འདེབས་ཞལ་གསུང་མ་ལས། ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་ཀུན་གཅིག་གྱུར་ང༷ག་དབ༷ང་ལྷ། །འགྲོ་ཀུན༷་དག༷འ་མཛད་ངུར་སྨྲིག་གར་སྒྱུར་བ། །ཕྲིན་ལས་ལྷུན༷་འ༷གྲུབ་རྡོ་རྗེ་འཆང་ལ་འདུད། །མགོན་པོ་མཆོག་གི་གསང་གསུམ་དབྱེར་མེད་པའི། །ཐུགས་རྗེའི་ཆུ་གཏེར་ལས་ཐོན་སྣང་བའི་མཛོད། །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །རྒྱལ་སྲས་བསྟན་པའི་ཉི་མར་གསོལ་བ་འདེབས། །རྒྱལ་བའི་གསུང་ངག༷་མདོ་རྒྱུད་མ་ལུས་པའི། །སྙིང་པོ་དབ༷ང་བཞིས་སྨིན་བྱེད་བདུད་རྩི་ཀུན༷། །འགྲོ་ལ་དག༷འ་སྟོན་ལེ༷གས་པར་སྩོལ་མཛད་པའི། །ངེས་འ༷བྱུང་འཁོར་བའི་སྐྱབས་གནས་མཆོག་ལ་འདུད། །རྣལ་འབྱོར་དབང་ཕྱུག་དཔལ་ལྡན་བིརྺ་པ། །སྠ་ཝི་ར་དང་གནས་བརྟན་རིག་སྔགས་འཛིན། །དྷརྨ་པཱ་ལ་ཡོ་གའི་སྲོལ་འབྱེད་མཆོག །གྲུབ་དབང་སྤྲིན་འཛིན་རྣམས་ལ་གསོལ་བ་འདེབས། །ཁྱུང་པོ་རྣལ་འབྱོར་མཁས་དང་གྲུབ་པའི་གཙོ། །ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱིའི་ཞབས། །སངས་རྒྱས་སྟོན་པ་མཚུངས་མེད་གྲུབ་པའི་དབང༌། །ཆོས་སྐུ་འོད་ཟེར་རྣམས་ལ་གསོལ་བ་འདེབས། །ཐམས་ཅད་ག་ཡ་དྷ་ར་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། །སེང་གེ་རྒྱལ་མཚན་གྲུབ་མཆོག་ཡར་ཀླུང་པ། །ཤངས་ཆོས་མངའ་བདག་བསོད་ནམས་བཟང་པོ་དང༌། །རྣལ་འབྱོར་དབང་མོ་རྣམས་ལ་གསོལ་