R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༦
[A:༡༦]བ་འདེབས། །མཁས་དང་གྲུབ་པའི་དབང་ཕྱུག་ཚར་པ་རྗེ། །བློ་གསལ་རྒྱ་མཚོ་གྲགས་པའི་རྒྱལ་མཚན་ཅན། །དཔལ་འབྱོར་བཟང་པོ་རྡོ་རྗེ་འཆང་ཆེན་པོའི། །རྣམ་ཐར་དྲན་ཞིང་སྙིང་ནས་གསོལ་བ་འདེབས། །འཁྲུལ་མེད་ངོ་མཚར་བཅུ་གསུམ་བསྟན་འགྲོའི་དཔལ། །སླར་ཡང་བསམ་བཞིན་མཆོག་གི་སྤྲུལ་པའི་སྐུ། །འགྲོ་བའི་མགོན་པོ་ཁྱབ་བདག་བཀའ་འགྱུར་བ། །བསོད་ནམས་མཆོག་ལྡན་ཞབས་ལ་གསོལ་བ་འདེབས། །གཞན་ཡང་བྱིན་བརླབས་སྤྲུལ་པའི་རྣམ་རོལ་ཅན། །འཕགས་པའི་དགེ་བསྙེན་དྷརྨ་ཏཱ་ལའི་ཞབས། །མཁའ་འགྲོས་རྗེས་བཟུང་རྡོ་རྗེ་དྲིལ་བུ་པ། །པཎ་ཆེན་གང་སྤེལ་རྣམས་ལ་གསོལ་བ་འདེབས། །ཀུན་མཁྱེན་གཉིས་པ་ཆོས་ཀྱི་གྲགས་པ་དང༌། །སློབ་དཔོན་ཆེན་པོའི་ཐུགས་སྲས་ནམ་མཁའི་སྙིང༌། །བྱང་ཆུབ་སེམས་དཔའ་ཇོ་བོ་ཨ་ཏི་ཤ། །བསྟན་འགྲོའི་དཔལ་མགོན་རྣམས་ལ་གསོལ་བ་འདེབས། །རྒྱལ་སྲས་སེམས་དཔའི་རྣམ་སྤྲུལ་མཐའ་ཡས་པའི། །གསང་བ་གསུམ་གྱི་བྱིན་རླབས་དབྱེར་མེད་པ། །ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་མཚན། །ཁྱབ་བདག་བླ་མ་མཆོག་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་འཆད་པ་ལ། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཚར་ཆེན་གསོལ་འདེབས་བཀྲ་ཤིས་མཚན་བཟང་མར། མགོན་ཁྱོད་གདོད་མའི་དབྱིངས་སུ་སངས་རྒྱས་ཀྱང༌། །སྣ་ཚོགས་གདུལ་བྱའི་ཁམས་དང་བསམ་པ་བཞིན། །ངོ་མཚར་སྐྱེ་བའི་ཟློས་གར་བཅུ་གསུམ་གྱིས། །ཕན་བདེའི་དགའ་སྟོན་སྤེལ་ལ་གསོལ་བ་འདེབས། །ཞེས་དང༌། འདར་པ་རིན་ཆེན་དཔལ་བཟང་གིས་མཛད་པའི་ཚར་