[A:༡༦༤] རྒྱུ་ལམ་གྱི་དབང༌། བདག་མེད་ལྷ་མོ་བཅོ་ལྔ་དང༌། བིར་སྲུང་སོགས་ཀྱི་བྱིན་རླབས་རྣམས་ཀྱི་གྲས་ལས་རྣམ་འཇོམས་བིར་ལུགས་དང་མགོན་རྐྱང་གི་རྗེས་གནང་མ་གཏོགས་གཞན་ཚང་མ་དང༌། བདག་མེད་མའི་རྒྱུ་དབང་མ་སྩལ་ཞིང༌། རྩ་རྒྱུད་བརྟག་གཉིས་ཀྱི་ལྗགས་ལུང་གནང༌། འཁྲུལ་འཁོར་སོགས་གང་ཟག་བློ་རྨོངས་རྣམས་ལ་དགོངས་པའི་ཆོས་ཇ་སོགས་གནང་སྐབས་ཀྱང༌། ཕལ་ཚིག་གི་དཔེ་དང་དོན་སྦྱར་ཏེ། ཕ་མ་བུ་དུང་ཅན་བུ་ལ་སློབ་སྦྱོང་བྱེད་པ་ལྟར་ཤིན་ཏུ་བཀའ་དྲིན་ཆེ་བ་དང༌། གསུང་ངག་ཚར་ཆོས་རྒྱུན་གྱི་རྣལ་འབྱོར་བསྡུ་བ། སྒྲུབ་པ་ལུང་སྦྱིན། གསང་བཅུའི་རྒྱས་འདེབས་བཅས་མཐའ་ཆོད་པ་བྱས་པར་སྩལ། མདོར་ན་ཟླ་བ་བདུན་པའི་ཚེས་བཅུ་བཞི་ནས་བཟུང༌། ཟླ་བ་དགུ་པའི་ཚེས་ཉེར་བདུན་བར་གསུང་ཆོས་རྒྱུན་མི་འཆད་པར་གསུངས། འདི་སྐབས་ཟླ་བ་དགུ་པའི་ཚེས་བཅུ་བཞི་བཅོ་ལྔ་གཉིས་ལ་གསུང་ངག་ཁྲིད་ལས། གཞན་ཟུར་བཀའ་མེད་པར་གནང་ནས་ཡོངས་འཛིན་ཆོས་གྲགས་བཟང་པོ་ལ། དུས་འཁོར་རིགས་ལྡན་ལུགས་ཀྱི་དབང་ལུང་གསན་སྐབས་ཟངས་བསྟན་པ་བླ་མ་དེ་ཉིད་ཀྱིས། འདིའི་དམིགས་པ་སྒོམ་དགོས་དང་དོན་གྱི་གོ་བ་རྣམས་སྐུ་ཞབས་ནས་བཀའ་དྲིན་བསྐྱང་བ་ཞུ་ཞིང༌། ཚིག་གི་ཆ་ལ་ཁོ་བོས་གཞོན་ནུ་ནས་བཟུང་སྟེ་ད་ལྟའི་བར་ལ་མ་ཎི་འདྲེན་པ་བཞིན་ཡིན་ནོ་གསུང་སྟེ་ཕུལ། གསུང་ངག་གྲོལ་མཚམས་འདར་ནས་ཞལ་ངོ་ཡུམ་སྲས་རྣམས་མཇལ་ཞུ་དང་ཚེ་བཀའ་ཀྱེ་རྡོར་རྒྱུ་དབང་སོགས་ཞུ་བར་འབྱོར་པས་དེ་བཞིན་གནང༌། འདར་སྨད་གནས་ནང་གི་ཞིག་གསོ་མཛད་པའི་འགོ་བར་གོང་གི་འགོ་པར་གོང་གི་ཞབས་ཕྱི་ཀུན་དགའ་རབ་རྒྱས་དང༌། གཉེར་མགོན་བློ་གཉིས་གནང་སྟེ། ལས་མི་བཅུ་སྐོར་གྱིས་ཟླ་སྐོར་ཨར་པོ་ཚུགས་པར་