[A:༡༧༡]གོགས་པོ་ཞིག་གསོ་མ་གྲུབ་སོང་བས་དེ་བཞིན་དགོས་པ་ཡོད་ཀྱི་ནན་ཏན་གནང་བ་དེ་མ་གྲུབ་པས། བློ་ཁ་རྫོགས་པ་ཞིག་མ་བྱུང་ཕེབ་པར། རྗེ་དྲུང་སྐྱིད་པས་བླ་བྲང་སོགས་ཕོག་ཐོག་ནས་འདར་ཁལ་བརྒྱ། པད་ཁ་ཉི་ཤུ་ཕུལ་ནས་ཞབས་བསྐུལ་ཞུས་པ་བཞིན་ཁྱེད་རང་སང་ཉིན་གྲོང་ཆེན་དུ་སོང་ལ་རྡོར་འཐགས་གྱིས་གསུང་ཞིང༌། བསམ་གྲུབ་ཀྱིས་ཐུགས་བྲེལ་ཆོད་མ་ཐག་ཕེབ་ལམ་རྐྱང་སྟེ་ཤིང་མང་དུ་ཕེབ། དེར་ཞག་ཤས་བཞུགས་ཐོག་གསུང་ཆོས་ཅི་རིགས་གནང་ཞིང་འདུ་ཁང་ཞིག་གསོའི་ཞལ་བཀོད་སྩལ། དེ་ནས་གྲྭ་བུ་དགོན་གསར་ལ་ཕེབ། དེར་བཞུགས་རིང་ཀྱང་བཀའ་ཆོས་ཅི་རིགས་སྩལ། གྲུབ་ཆེན་རྣམ་རྒྱལ་བསྟན་སྐྱོང་གིས་གྲུབ་དབང་ཐང་སྟོང་རྒྱལ་པོའི་སྐུ་ཞིག་དང་ཀ་པཱ་ལ་བདུད་རྩིས་གང་བ་ཞིག་འགུར་མ་དང་བཅས་ཏེ་ཕུལ་བར་འགུར་ལན་གནང༌། དེ་གང་ནས་སྐུ་ཁམས་ཅུང་ཟད་བསྙེལ་ཚུལ་བཞེས་པ་ཞིག་ཡོད་པར། གསུང་ལས། ད་ང་དྲག་འགྲོ་བ་ང་རང་གིས་ཁག་ཐེག །ཁམས་སུ་འགྲོ་ཚེའང་ལམ་བར་དུ་བྲོ་འཚལ་སྐབས་ཆུ་དཀྱིལ་ཕ་ཝང་ཞིག་གི་སྟེང་ན་གྲུབ་ཐོབ་རིན་པོ་ཆེའི་སྐུ་པད་བྲལ་ལ་ཁད་པ་ཞིག་འདུག་པ་བླངས་པ་ནས་བཟུང་ཇེ་བདེར་སོང་ཞིང་སྐུ་དེ་སྡེ་དགེར་འཇོག་དགོས་བྱུང་གསུང་སྟེ། ཀ་པཱ་ལའི་བདུད་རྩི་དེ་ནས་ཐིག་གཅིག་ཞལ་དུ་བཞེས། གཞན་དེར་ཡོད་ཀུན་ལ་འགྱེད་པ་གནང༌། དེ་སྐོར་གྱི་ཐུགས་བྲེལ་རྣམས་ཆོད་པར་གནང་སྟེ་གྲོང་ཆེན་དུ་ཕེབ། རྗེ་ཉིད་ཀྱི་གསོལ་དཔོན་འཇམ་དབྱངས་མཆོག་གྲུབ་དང་གཉེར་པ་མགོན་བློ་གཉིས་ཀྱིས་དོ་དམ་དང༌། རྐྱེན་སེལ་དུ་རྫོང་རི་རབ་འབྱམས་པས་འཕགས་ཆེན་པོད་བཞི་ཀློག་པ། གྲོང་ཆེན་རྡོར་སློབ་སྦྱིན་པ་བཟང་པོ་ནས་ལྡེབས་བྲིས་རྙིང་