R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༧༢
[A:༡༧༢]པ་རྣམས་ལ་ཨརྒྷའི་ཆོ་ག་བཅས་གོགས་པོ་དེ་བཤིག་ཚར་བ་དང༌། འགྲམ་འདིང་ཁར་ཞབས་ཕྱི་བསོད་ནམས་དཔལ་འབར་དང་རྗེ་དྲུང་སྐྱིད་པར་དར་གོས་ཀྱི་སྣ་མང་པོ་མཇུག་ཏུ་སྩལ་བ་བཞིན་བརྟན་ཁྱད་རྩིག་འགྲམ་གཏིང་རིང་དུ་བྲུས་པར་ལྕི་བ་དང་རིལ་མ་མང་པོ་བསྒྲིགས་པའི་བང་རིམ་ལྟར་ཆགས་འདུག་པ་གནས་འདིར་ཤིང་མང་པོ་འདུག་པས་དགོན་པའི་མིང་ཤིང་མང་ཡིན་ནོ་ཞེས་བྱང་སེམས་ཟླ་རྒྱལ་གྱིས་གསུང་ཞེས་རྒན་རབས་ཀུན་ཟེར་བ་དེར་སྣང༌། ཨར་ཟུག་གི་ལས་གྲྭ་རྒྱུན་རིང་ཙམ་འགོར་ཞིང༌། གྲུབ་བསྟུན་ཕྱག་ནས་མདོར་བསྡུས་གནང་སྐབས། གསུང་ལས། མཁན་ཆེན་རིན་ཆེན་འཇམ་དཔལ་གྱི་འདུ་ཁང་དེ་ངེད་ཀྱིས་འདི་བཞིན་དུ་བཏང་གསུང་ཞིང་དགྱེས། རྩི་ཚོན་གྱི་ཞབས་འགྱུར་སོགས་རྗེ་དྲུང་སྐྱིད་པས་ཀྱང་ཞུས་ཤིང༌། གྲོང་ཆེན་ལྷ་རིགས་པ་འཆི་མེད་ལ་ཚོན་རྩི་སྐོར་བཀའ་ཕེབ་པར་ཚོན་རྣམས་རྗེ་སྐྱིད་ཀྱིས་ཁས་བླངས་བྱུང་ཡང་རྗེ་དྲུང་རུ་ངར་བ་དང་ཨ་ཎི་ཚོ་མཐུ་མོ་འདུག་པ་བཅས་ལྡེབས་བྲིས་འོང་མདོག་མ་ཁ་གསུང་ཡང༌། ལྡེབས་བྲིས་སྐོར་དགོངས་བཞེད་ཇི་ལྟ་བ་བཞིན་འགྲུབ། ཤིང་མང་སྒྲུབ་སྡེ་ལ་ཚེས་བཅུ། སྒྲུབ་སྐོར་རྣམ་གསུམ། སྨྱུང་གནས་སྐོར་སོགས་བཀའ་ཆོས་ཁ་ཤས་སྩལ། གོང་དུ་བཤད་པའི་ལྕགས་ཟམ་པ་དེ་རག་རྫོང་ཟམ་པར་ཉམས་བཟོ་མཛད་སྐབས་དེ་ཡིན་ནམ་སྙམ་སྟེ། གང་ལྟར་སྐྱབས་མགོན་དམ་པ་འདི་ཉིད་དང་མཇལ་བའི་གསུང་སྒྲོས་ལ་བླ་མ་དེས་ས་སྐྱ་པ་དང་རི་བོ་ཆེ་པས་ང་ལ་མ་ཉན་པས་གདུང་བརྒྱུད་དཀོན་པོ་འོང་གསུང་བ་དེ་འོང་འདྲ་མོ་བྱུང་ཞིང༌། བླ་མ་དེ་རང་ལ་ཞལ་སློབ་བཙུན་མ་ཁ་ཤས་ཡོད་པའང་འུ་ཅག་གཉིས་ཁྱད་མེད་པས་ཤིང་མང་དགོན་གསར་དུ་སྦྱོར་ཅིག་གསུངས་