R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༧༥
[A:༡༧༥]ནས་བཟུང༌། ཐར་རྩེ་པཎ་ཆེན་གྱི་ཡིག་སྟེང་ནས་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་ལུང་བཅས། ལུང་སྐོར་ལ་བརྒྱ་རྒྱམ་གྱི་རྒྱ་གཞུང༌། འདུལ་བའི་ལས་ཆོག་བུ་སྟོན་གྱིས་མཛད་པ། སོ་ཐར་བརྒྱུད་འདེབས་གོང་ས་ལྔ་པ་ཆེན་པོས་མཛད་པ། གྲང་ཆེན་བཅོ་བརྒྱད། དེར་མ་འདུས་པ་ཚད་མ་སྡེ་བདུན། འདུལ་བ་མེ་ཏོག་ཕྲེང་རྒྱུད་སུམ་བརྒྱ་པ། འོད་ལྡན། ཀ་རི་ཀ །དབུ་མ་རིགས་ཚོགས། བསྟོད་ཚོགས། གཏམ་ཚོགས། བཀའ་གདམས་གཞུང་དྲུག །དཔག་བསམ་འཁྲི་ཤིང༌། ཤེར་ཕྱིན་འགྲེལ་པ་དོན་གསལ། མདོ་ཀུན་བཏུས། ཇོ་བོའི་ཆོས་འབྱུང་བརྒྱ་རྩ། བློ་སྦྱོང་བརྒྱ་རྩ། བཀའ་གདམས་ཐོར་བུ། བློ་སྦྱོང་གསུང་སྒྲོས་མ་ལེགས་བཤད་ཀུན་འདུས། གོང་ས་ལྔ་པ་ཆེན་པོས་མཛད་པའི་སྨན་བླའི་མདོ་ཆོག་ཡིད་བཞིན་དབང་རྒྱལ། ཙནྡྲ་གོ་མའི་གདུགས་དཀར་ཟློག་ཟོར། དེའི་དཀྱིལ་ཆོག་ཤཱཀྱ་དཔལ། དེའི་ལྷན་ཐབས་མཁན་ཆེན་ཞྭ་ལུ་པ། བཀའ་འགྱུར་བའི་གདུགས་དཀར་མདོས། རྨོར་ཆེན་གདུགས་དཀར་བྱད་གྲོལ། ཞྭ་ལུ་མཁན་ཆེན་གྱི་གཙུག་ཏོར་དྲི་མེད་ལྷ་ལྔའི་དཀྱིལ་ཆོག །ཐུགས་སྲས་ལོ་ཙཱ་བའི་གཟུངས་གྲྭ་ལྔའི་དཀྱིལ་ཆོག །དེའི་ལྷན་ཐབས་བཅོ་བརྒྱད་འཇམ་དབྱངས་ཆོས་རྗེ། རྣམ་སྲས་བེའུ་བུམ་རྗེ་དེ་ཉིད་ཀྱི་གསན་ཡིག་ནང་བཞིན། ཇོ་བོས་འབྲོམ་ལ་གནང་བའི་སྒྲོལ་མདོས། རི་ཁྲོད་མའི་བུམ་ཆོག་འཕགས་པ་དང་སྡོང་ར་བ། གུང་རུའི་གཞན་ཕན་མཐའ་ཡས་ཀྱི་ཟུར་འདེབས། ཀུན་རིག་བསྟོད་པའི་ཕྱག་ཆེན་ཟིན་བྲིས། ཟིན་བྲིས་མུན་སེལ་སྒྲོན་མེ། ཟིན་བྲིས་བསྡུས་པ་རྣམས་ཀྱི་ལུང༌། རྭ་ཚར་ཐུན་མོང་མ་ཡིན་པའི་ཕྱག་ལེན་ལྟར་འཇིགས་