R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༧༦
[A:༡༧༦]བྱེད་བཅུ་གསུམ་མའི་དབང་སྔོན་འགྲོའི་རྭ་ཁྲིད་དང༌། རྣལ་འབྱོར་རིམ་བཞིའི་ཁྲིད་སྨིན་རྒྱས་དང༌། དཀར་ཆག་གིས་ཟིན་པ་དང་མ་ཟིན་པའི་རྭ་པོད་ཡོངས་རྫོགས་ཀྱི་ལུང་རྗེ་ཉིད་ཀྱི་གསན་ཡིག་ནང་བཞིན། འཆི་བདག་དཔའ་གཅིག་དང་བཅུ་གསུམ་མའི་རྗེས་གནང༌། རྟ་མགྲིན་ཡང་གསང་གི་དབང་ཆེན། ཚེ་དབང༌། བཀའ་གཏད། བེའུ་བུམ་ལུང་བཅས། ཡང་བདེ་མཆོག་སྐོར་ལ། ནག་པོ་གཞུང་དྲུག །མཁྱེན་རབ་རྗེའི་རིམ་བཞིའི་ཁྲིད་ཡིག །ནག་པོ་ལྷན་ཐབས་དང༌། ཞི་བའི་སྦྱིན་སྲེག་སངས་དཔལ་གྱིས་མཛད་པ་ཤེ་ལོའི་སྦྱང་གཞི་སྦྱོང་བྱེད་སྦྱོར་ཚུལ། ནམ་དཔལ་གྱི་ལོ་ཧིའི་མངོན་རྟོགས་གསལ་བྱེད་དང༌། ནག་པོ་མངོན་རྟོགས་ནག་འགྲོས། དྲིལ་བུ་སྒྲུབ་དཀྱིལ། ལོ་ཧིའི་རྫོགས་རིམ་མཁྱེན་རབ་རྗེས་མཛད་པ། བཟང་དཔལ་གྱི་ནག་པོ་བསྐྱེད་རིམ་རྣམ་བཤད་རྣམས་དང༌། དཔྱིད་ཐིག་གི་ཡི་གེ །གློ་བོ་མཁན་ཆེན་གྱི་བསྙེན་ཐབས་རྒྱས་འབྲིང་བསྡུས་གསུམ། ས་ལོའི་རྫོགས་རིམ་འཁོར་ལོ་གཉིས་པ། ཨ་མེས་ཞབས་ཀྱི་ཆོས་འབྱུང་དང༌། ལོ་ནག་དྲིལ་གསུམ་གྱི་བསྐྱེད་རིམ་རྣམ་བཤད། བསྙེན་ཐབས་རྒྱས་འབྲིང་བསྡུས་གསུམ་ནག་པོ་སྒྲུབ་དཀྱིལ། ངག་ཆོས་ཀྱི་ལོ་ནག་དྲིལ་གསུམ་ཁྲིད་ཀྱི་ཁོག་དབུབ། བསྙེན་ཐབས་རྒྱས་འབྲིང་བསྡུས་གསུམ། ནག་པོ་བསྐྱེད་རིམ་རྣམ་བཤད་གཉིས། དྲིལ་བུ་བྱིན་རླབས་དང་ཁྲིད་ཡིག་རྣམས་ཀྱི་ལུང༌། ཚེ་དབང་སྔོན་འགྲོའི་གྲུབ་རྒྱལ་ལུགས་ཀྱི་ཚེ་ཁྲིད། དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་བྱིན་རླབས། དུར་ཁྲོད་བདག་པོའི་རྗེས་གནང་དང་བེའུ་བུམ་གྱི་ལུང༌། ཨ་པ་ར་ཙི་ཏ། རྣམ་སྲས་དྲག་སྒྲུབ། མགོན་པོ་ཕྱག་བཞི་ལྷ་མང༌། སྟག་ཞོན་ལྷ་མང༌། རྡོ་རྗེ་རབ་བརྟན་