R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༧༧
[A:༡༧༧]མ། ཚེ་རིང་མཆེད་ལྔ་རྣམས་ཀྱི་རྗེས་གནང༌། མཁའ་སྤྱོད་མའི་བྱིན་རླབས་སྔོན་འགྲོའི་ཁྲིད་རིམ་རྒྱས་པའི་ས་བཅད་མཐོང་གྲོལ་ལྡེ་མིག་གནང་བཞིན་གྱི་ཁར་ཆོས་ཉིད་དངོས་བསྟན་གྱྀ་བྱིན་རླབས་དང་དབུ་མ་ཆེ་བའི་ཁྲིད། ཨིནྡྲ་དང་མཻཏྲིའི་བྱིན་རླབས། ཕག་མོ་དེ་གསུམ་གྱི་བེའུ་བུམ་རྨོར་ཆེན་དཀར་ཆག་ནང་བཞིན་གྱི་ལུང༌། རིག་བྱེད་མ་ཐུན་མོང་མ་ཡིན་པ་དང༌། དམར་ཆུང་སྐོར་གསུམ། ཚོགས་བདག་ཆགས་རྡོར་དང༌། ཕྱག་བཞི་རྣམས་ཀྱི་རྗེས་གནང༌། དཀར་ཆག་གིས་ཟིན་པ་དང་མ་ཟིན་པའི་དམར་པོ་སྐོར་གསུམ་གྱི་བེའུ་བུམ་གྱི་ལུང༌། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས། ཚར་ཆེན་གྱི་དེའི་བརྒྱུད་འདེབས། མཁྱེན་བརྩེའི་ཁྲིད་ཡིག །སྒྲུབ་ཐབས་དང་བསྙེན་ཐབས་བསམ་ཡས་ས་ཕུག་བླ་མ་ཀུན་དགའ་ཚུལ་ཁྲིམས་ཀྱིས་མཛད་པ་རྣམས་ཀྱི་ལུང༌། མགོན་པོ་ཁྲོ་བཅུའི་རྗེས་གནང༌། མགོན་པོའི་བེའུ་བུམ་ཡང་སྐོང་རྨོར་ཆེན་དཀར་ཆག་ནང་བཞིན་དང༌། གྱི་ལྗང༌། དུད་སོལ་གཉིས་ཀྱི་བེའུ་བུམ་དཀར་ཆག་གིས་ཟིན་པ་དང་མ་ཟིན་པའི་ལུང༌། དུད་སོལ་རྗེས་གནང༌། ནན་ཆགས་མ། ཞལ་བཞིའི་གསང་སྒྲུབ་རྗེས་གནང་སྔོན་འགྲོའི་གསང་ཁྲིད་དང༌། དཀར་ཆག་གིས་ཟིན་པ་དང་མ་ཟིན་པའི་ཞལ་པོད་ཀྱི་ལུང༌། བེག་ཙེ་འཁོར་མང་གི་རྗེས་གནང་དང༌། བེག་པོད་ཀྱི་ལུང༌། ཁྲོ་ཕུ་བརྒྱ་རྩ་ལས་ཡིག་སྣ་ཉིས་བརྒྱ་རེ་གཉིས་ཙམ་དང༌། ཁྲིད་བརྒྱའི་ལོ་རྒྱུས། བརྒྱུད་འདེབས། སྤྱི་སྡོམ། སྤྱི་ཆིང༌། སྔོན་འགྲོ་ཐུན་མོང་དང༌། ཐུན་མོང་མ་ཡིན་པ། དངོས་གཞི་ཁྲིད་བརྒྱ་བརྒྱད་ཀྱི་ལུང༌། ས་པཎ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་དང༌། དེའི་ཡི་གེ་གཡག་པ། མཁྱེན་བརྩེ། ངག་དབང་ཆོས་གྲགས། ཨ་མེས་ཞབས་རྣམས་ཀྱིས་