[A:༡༧༨]མཛད་པ། བུ་སྟོན་ཆོས་འབྱུང༌། གཡའ་བཟང་པའི་གཟའ་བཅོས། རོང་སྟོན་གྱིས་ཡུམ་ལ་གནང་བའི་འཕོ་དམིགས་དང༌། རྩ་བའི་ཡི་གེ །གསལ་བྱེད་བཅོ་བརྒྱད་ཆེན་མོས་མཛད་པ་རྣམས་ཀྱི་ལུང༌། ཀུན་མཁྱེན་རིན་པོ་ཆེ་བསོད་ནམས་སེང་གེའི་བཀའ་འབུམ་སྔགས་པོད་གསུམ། མུས་ཆེན་སངས་རྒྱས་རིན་ཆེན་གྱི་བཀའ་འབུམ་པོད་གཅིག་མ། ཁ་རེག་སྒོམ་ཆུང་པའི་ཨང་ཡིག་བདུན་ཅུ་པ། ཚར་ཆེན་བཀའ་འབུམ་ཐོར་བུའི་ལུང་ལ་བླ་མའི་རྣལ་འབྱོར། དེ་བསྟོད་བླ་མ་རྒྱང་འབོད། གསུང་འགུར་སྐལ་བཟང་བཞད་པའི་རྡོ་རྗེའི་གླུ། ལྟ་སྒོམ་སྤྱོད་འབྲས། ཆུ་མགོ་གངས་དཀར་མ། ཡོངས་རྫོགས་དོན་ལྡན། རང་སེམས་གསལ་འདེབས། སྙིང་གི་སྐྱོ་བསངས། ཀྱེ་ཧོ་མི་ཟད་སྨིན་བྱེད་དབང་བཞི་རྣམས་དང༌། དཀོན་མཆོག་ལྷུན་གྲུབ། རབ་འབྱམས་རིན་རྒྱལ། བྱ་བཏང་དབང་པོ་རྣམས་ལ་མཛད་པའི་ཆབ་ཤོག །གོང་ས་ལྔ་པ་ཆེན་པོའི་བཀའ་འབུམ་ཐོར་བུ་ལ་དམར་པོ་སྐོར་གསུམ་དང་ཆོས་སྐྱོང་ཆེ་ཆུང་གི་མན་ངག་དང་འཁོར་ལོའི་གསལ་བྱེད། ལམ་རིམ་ཁྲིད་ཡིག་འཇམ་དཔལ་ཞལ་ལུང༌། ནཱ་རོ་མཁའ་སྤྱོད་མའི་བརྒྱུད་འདེབས་དང༌། ཁྲིད་ཀྱི་ས་བཅད་མཐོང་གྲོལ་ལྡེའུ་མིག །རྨོར་ཆེན་རྡོརྗེ་འཆང་གི་བཀའ་འབུམ་ཐོར་བུའི་ལུང་ཐོབ་ཀྱང༌། སླར་ཡོངས་རྫོགས་ཐོབ་ཁོངས་སུ་འཐུས། ངོར་ཆེན་སངས་རྒྱས་ཕུན་ཚོགས་ཀྱི་བཀའ་འབུམ་པོད་ཕྱེད་དང་བཞིའི་ལུང༌། ཨ་མེས་ཞབས་ཀྱི་ས་སྐྱའི་གདུང་རབས་ཆེན་མོ་དང༌། ཡོ་ག་ཆོས་འབྱུང༌། ཚེ་དཔག་ལྷ་དགུའི་སྒྲུབ་དཀྱིལ། སེང་གེ་སྒྲའི་ཆོ་ག །ཆབ་ཀླུ་རྣམས་དང༌། པཎ་ཆེན་ནམ་དབང་གི་གཞན་ཕན་མཐའ་ཡས་ཀྱི་ཚིག་དོན་གཏན་འབེབས་ལ་ཆོས་དབང་གིས་ཟིན་བྲིས་