R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༧༩
[A:༡༧༩]མཛད་པ་དཔག་བསམ་ལྗོན་པ། ཆ་གསུམ་རྣམ་བཤད་རྣམས་ཀྱི་ལུང༌། ཐུགས་སྒྲུབ་རྣམ་གསུམ་གྱི་ཚེས་བཅུའི་ཆོག་བསྒྲིག་དབང་ཕྱུག་རབ་བརྟན་གྱིས་མཛད་པ། འཇའ་ཚོན་སྙིང་པོའི་གཏེར་མ་དཀོན་མཆོག་སྤྱི་འདུས་དང༌། ཚེ་སྒྲུབ་ལྕགས་ཀྱི་རི་བོའི་དབང་ལུང༌། བྱད་འགྲོལ་གནུབས་ལུགས། ཏཱ་ར་ནཱ་ཐའི་སངས་རྒྱས་ཀྱི་མཛད་པ་བརྒྱ་ཉེར་ལྔའི་ལུང༌། གཞན་ཡང་ཁ་འབར་མ་དཀར་མོའི་འཆི་བསླུ་སོགས་མན་ངག་ཁ་འཐོར་གསར་རྙིང་ལ་གྲགས་པ་ཁ་ཤས་ཀྱི་ལུང་བཅས་སྩལ་ཞིང༌། དེ་ལྟའི་སྐབས་དབོ་ཟླའི་ནང་ཙམ་དུ་ད་ལྟའི་གཞི་དགོན་མཁན་ཆེན་བསོད་ནམས་དཔལ་བཟང་འདི་ཉིད་གྲྭ་རྐྱང་གི་སྐབས་ཡིན་པས། འདིར་དྲུང་ཡིག་ཀུན་སངས་དྲུང་ནས་གསན་སྦྱོང་མཛད་བཞེད་ཀྱིས་ཕེབ་པ་དང་འགྲིགས་ཏེ། རྣམ་འདྲེན་དམ་པ་འདི་ཉིད་དང་ཞལ་མཇལ་ཞིང་གསུང་འཕྲོས་མཛད་པས། བདེ་མཆོག་དང་ཡོ་གའི་སྐོར་སོགས་ཡིག་རྒྱུན་ཤིན་ཏུ་དཀོན་པ་ཁ་ཤས་ཀྱི་དབང་ལུང་གསན་དང་གསན་རྒྱུ་འདུག་པ་བཅས་དེ་སྐོར་གྱི་ཕྱག་དཔེ་བཞེས་པར་མུས་ཕྱོགས་སུ་འཕྲལ་རྫོང་མཛད་དེ་ཚུར་འབྱོར་འཕྲལ་ནག་ཟླའི་ཉེར་གསུམ་ནས་བཟུང་མུས་ཆེན་དང༌། རྫོང་རི་དཔོན་སློབ། གྲོང་ཅེན་སྦྱིན་པ་གསུམ་ལ། མགོན་ཆེན་སྐོར་གྱི་རྗེས་གནང་ཕལ་ཆེར་དང༌། བྲག་རྫོང་མ་ཕྱི་ནང་གསང་གསུམ་གྱི་ཁྲིད་དང༌། ལྷ་བརྒྱད་ཐུན་མོང་མ་ཡིན་པའི་གསང་ཁྲིད། མེ་འབར་སྙན་བརྒྱུད་ཁ་སྐོང༌། ཡང་སྐོང༌། གྱི་ལྗང་པོད། མགོན་པོའི་ཆོས་འབྱུང་བཅས་ཀྱི་ལྗགས་ལུང་སྩལ་ཞིང༌། དེ་དག་གི་གསེང་དབར་རྣམས་སུ་རྗེ་བཙུན་མ་ཀུན་དགའ་བསྟན་པའི་ཉི་མའི་ཞབས་དྲུང་ནས། གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་