R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༨༢
[A:༡༨༢] བདག་མེད་ལྷ་མོ་བཅོ་ལྔ། ཨ་ར་པ་ཙ་ན་ལྷ་ལྔ་རྣམས་ཀྱི་དབང༌། གོང་མ་ལྔའི་བཀའ་འབུམ་ནས་བདེ་མཆོག །ཕུར་པ། མི་གཡོ་བ། དོན་ཞགས། སེང་གེ་སྒྲ། སྒྲོལ་མ་རྣམས་ཀྱི་ཡིག་སྐོར་དང༌། ས་ཆེན་གྱི་བསྟོད་པ་ཚངས་དབང་མ། ལམ་འབྲས་བརྒྱུད་འདེབས། རིགས་གསུམ་སྤྱི་དཀྱིལ། ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཚིགས་བཅད། ཡང་དེའི་སྒྲུབ་ཐབས་དཀྱིལ་ཆོག །འཇམ་བསྟོད་བརྒྱུད་གསུམ་འཁོར་ལོ། གཏོར་ཆེན་ལོ་རྒྱུས་དང༌། ཆོ་ག་གཙུག་ཏོར་རྣམ་རྒྱལ་གྱི་རྟོག་པའི་ཊིཀྐ་དང་ས་བཅད། བུམ་གཏེར་གཞུག་ཚུལ། མཚན་བརྗོད་འདོན་ཐབས། ཕྱག་ཆེན་གཅེས་བསྡུས་རྣམས་དང༌། དཔལ་ས་སྐྱའི་ཆོས་སྤྱོད་རབ་གསལ། བསྐང་བའི་སྐོར། ཆོས་རྗེ་བླ་མའི་ཕུར་པའི་སྒྲུབ་ཐབས་འབྲིང་པོ་དོན་གྲུབ་སྙིང་པོ་དང༌། དཀྱིལ་ཆོག་རྟོགས་སླ། ས་ལོའི་དཀར་ཆ་བཞི་དང༌། རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག །ཕུར་པའི་བརྒྱུད་འདེབས། བླ་མཆོད་རྒྱས་པའི་གཞུང་རྐྱང༌། བསྙེན་སྒྲུབ་གསལ་བྱེད། སྔགས་འཆང་ཆེན་པོའི་གཏོར་མ་བརྒྱ་རྩ་དང༌། ཚེ་དཔག་ལྷ་དགུའི་ཉམས་ལེན་སྙན་བརྒྱུད་མ། དཀོན་མཆོག་དཔལ་ལྡན་གྱི་དཔལ་མོ་ལུགས་ཀྱི་སྨྱུང་གནས། སྒར་ཆེན་གྱི་བསྟན་པ་གསོ་ཆོག །ཨ་མེས་ཞབས་ཀྱི་རྡོ་རྗེ་དྲིལ་བུ། བགྲང་ཕྲེང༌། དགང་བླུགས། བུམ་པ་རྣམས་ཀྱི་རྣམ་བཤད་ཕྲིན་ལས་ཀུན་ཁྱབ་དང༌། བདུད་རྩི་རིལ་བུ་བསྒྲུབ་ཚུལ་བླ་མ་གོང་མའི་གསུང་རབ་མང་པོ་ཕྱོགས་གཅིག་ཏུ་བསྒྲིགས་པ་བདུད་རྩིའི་རྒྱ་མཚོ། མངྒའི་མཚན་ཅན་གྱི་ཆག་མེད་བཞི། མཁའ་སྤྱོད་མའི་སྒྲུབ་ཐབས། གཏོར་མ་བརྒྱ་རྩ། སྲུང་འཁོར་བྲག་རྫོང་མ།