R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༨༣
[A:༡༨༣] བསྟན་པ་གསོ་ཆོག །སྒྲོལ་མ་མཎྜལ་བཞིའི་ཆོ་ག་རྣམས། ངེད་རང་ནས་བརྩམས་པའི་ཡབ་རྗེའི་གསོལ་འདེབས་ཉི་གཞོན་གསར་པའི་ཐིག་ཕྲེང༌། ཡང་དག་བརྒྱུད་འདེབས། སྒྲུབ་ཐབས། བེག་ཙེའི་བརྒྱུད་འདེབས། གུར་ལྕམ་དྲལ་དང་ཞལ་གྱི་བསྟོད་པ། རྗེ་དེ་ཉིད་ལ་ཕུལ་བའི་ཞབས་བརྟན་རྣམས་ཀྱི་ལུང༌། རི་ཁྲོད་མའི་བུམ་ཆོག་བཀྲུ་བྱབ་བསྲུང་གསུམ། སྨད་ལས་དྲག་པོ་སྒྲོལ་དབང༌། ཡངས་པའི་གྲོང་ཁྱེར། རི་ཁྲོད་མའི་གཟུངས། དེའི་ཕྱུགས་སྲུང༌། འོད་ཟེར་ཅན་མའི་གཟུངས། ཚེ་མདོ། འཆི་མེད་རྔ་སྒྲ། བཀྲ་ཤིས་བརྩེགས་པ། ཕྱོགས་བཅུ་མུན་སེལ་རྣམས་ཀྱི་ལུང་ཕུལ་ཞིང༌། དེ་གྲས་ཕུར་པའི་སྟོད་ལས་ཕུར་སྒྲུབ་སྐབས་དང༌། སྨད་ལས་བརྒྱད་པའི་ཉེར་ལྔ། གོང་མའི་གསུང་རབ་སོགས་ལུང་དེ་རྣམས་དགུ་པའི་ཚེས་གཉིས་ནས་ཞག་ཤས་ཀྱི་བར། རི་ཁྲོད་མའི་བུམ་ཆོག་དང༌། མདོ་མང་གྲས་ཀྱི་ལུང་རྣམས་ཕེབ་ཉེར་ཕུལ་ཞིང༌། ལྕམ་དྲལ་ཞལ་བཅས་ཀྱི་བསྟོད་པ་གསར་བརྩམས་དེ་ཐ་སྐར་ཟླ་ནང་བརྩམས་ཕྲལ་ཕུལ་བར་ཐུགས་ཤིན་ཏུ་དགྱེས་ཉམས་ཀྱིས་མགུལ་ཁུག་ནས་བལ་ཊཾ་རྙིང་མ་ཞིག་གཞན་ལག་མ་བརྒྱུད་པར་སྩལ་བ་དེ་འདི་ཁའི་རྣམ་སྲས་ཀྱི་སྐུ་ཞིག་གི་གཟུངས་ལ་ཕུལ་སྙམ། ཐ་སྐར་ཟླ་ནང་དེར་རྒྱན་མཆོག་ངག་དབང་ཀུན་དགའ་བསོད་ནམས་མཐུ་སྟོབས་དབང་ཕྱུག་གིས་དུས་འདིར་ཆོས་འཆད་ཀྱི་ཐོག་མར་འཇམ་དབྱངས་དམར་སེར་གྱི་རྗེས་གནང་ཕུལ་ཞིང༌། དེའི་དབྱར་དེར་ངེད་རང་གི་ཆེ་ཞེ་ཀུན་དགའ་བསོད་ནམས་བསྟན་པའི་ཉི་མས་མཁའ་སྤྱོད་མའི་བྱིན་རླབས་དང༌། ཀུན་དགའ་