[A:༡༩༨]ཚེས་དེའི་སྔོན་ལ་མྱ་ངན་ལས་འདས་ཟིན་འདུག་པ་འདས་པའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ། ཞེས་ཉན་རང་དང་མ་འདྲེས་པའི་སངས་རྒྱས་སྤྱིའི་ཁྱད་ཆོས་དེར་སྣང༌། མུས་ཆེན་སེམས་དཔའ་ཆེན་པོའི་བཀའ་འབུམ་གྱི་ལུང༌། གྲུབ་ཆེན་ལྕགས་ཟམ་པའི་རྣམ་ཐར་འགྱུར་མེད་བདེ་ཆེན་གྱིས་མཛད་པ་དེ་ལྗགས་ལུང་སང་གནང་རྒྱུའི་ནུབ་རྗེ་ངག་གི་རྨི་ལམ་དུ་རྟོགས་ལྡན་རལ་པ་སྔོ་བུན་ནེ་བ། ཤ་རྩི་དམར་ཉམས་ཆེ་བ་ཞིག་མཉམ་གཞག་སོགས་ལུས་གནད་དང་ལྡན་པས་རྗེ་ངག་ལ་མིག་ཟུར་གྱིས་བལྟས་པས་བག་ཆགས་འདི་རང་གྲོལ་རང་ཡིན་ཟེར་བ་ཞིག་རྨིས་པས། ནངས་སྔ་མུས་ཆེན་དང་གསུང་གླེང་བྱུང་འཕྲལ་བླ་བྲང་དུ་འབོད་མི་གནང་བས་དབང་ཁང་སྟེང་གུར་གཡབ་ཅིག་གི་ནང་ན་བཞུགས་ནས་གསུང་འཕྲོས་སུ། ཁྱེད་དཔོན་སློབ་ལ་མདང་དགོང་གྲུབ་ཐོབ་ཆེན་པོའི་མནལ་ལྟས་བཞིན་ཨེ་བྱུང་ཕེབ་པར། མུས་ཆེན་ནས་དེའི་ལོ་རྒྱུས་ཞུ་བ་གནང་བའང་གོང་དང་འདྲ་ཞིང༌། གཞན་ཡང་དུར་ཁྲོད་བདག་པོ་དང༌། རྣམ་སྲས་སེར་ཆེན་གཉིས་ཀྱི་རྗེས་གནང༌། ཁྲིད་བརྒྱའི་ཞེན་པ་བཞི་བྲལ་དང༌། སུམ་པ་ལོ་ཙཱ་བའི་བློ་སྦྱོང་གཉིས་ལ་གསུང་བཤད་དང་ཉམས་ཁྲིད། གཞན་རྣམས་ཀྱི་ལུང་ཡོངས་རྫོགས། འཇིགས་བྱེད་རྭ་ལུགས་ཀྱི་དབང་ལུང་ཁྲིད་རྣམས་ཡོངས་རྫོགས་སྩལ། ཡང་འོག་མིན་ཆོས་སྡེ་པ་ངག་དབང་ནོར་བུ་གྲོང་ཆེན་སློབ་དཔོན་སྦྱིན་པ་དང་དབུ་རྙིང༌། ད་ལྟའི་དབུ་བྱེད་སོགས་ཉུང་ཤས་ལ་སྒྲོལ་དཀར། འཇམ་ནག རྣམ་འཇོམས། སེང་གདོང་སྔོ་དམར། ཞལ་དཀར་པོ་ཚེ་འཕེལ་རྣམས་ཀྱི་རྗེས་གནང་དང༌། དེ་རྣམས་ཀྱི་ལས་