R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༠༣
[A:༢༠༣]གསར་ཙམ་ལ། ཆོས་ཞུ་བ་བྱིངས་པོ་གྱེས་ཤིང༌། རྗེ་ངག་ནས་ཕྱག་དཔེ་ཁ་ཅིག་གི་ཞུས་དག་ཞུ་མུར་འགྲེལ་པ་དུར་སེང་སྟེང་ནས་ཀཱ་ལ་པའི་མཚམས་སྦྱོར་རི་མོ་བཀའ་དྲིན་སྩལ། རྗེ་ཉིད་ནས་ལམ་འབྲས་ལྷ་ཁང་གི་དཔེ་རྙིང་འགའ་ཞིག་ལ་རྡུལ་སྤྲུག་དང་སྦྲགས་གཟིགས་རྟོག་གནང་བས་རྐྱེན་བྱས་ཐོག་མར་མགུལ་ཆམ་དང༌། རྗེས་སོར་གློ་ཚད་ལྟ་བུར་ལྟེམ་བབ་ལྕི་བར། ངེད་ལ་སྨད་འདི་རང་འཕྲོད་པ་འོང་ཡོད་ཅེས་གློ་གཉན་གཅིག་ཤོས་ཤིག་རྗེ་ངག་ལ་བཀའ་སྩལ་གྱིས་སྦྱར་བ་ཕུལ་ཞིང༌། ཕྱག་མཛོད་ནས་མང་འདར་ཁུལ་གྱི་དགོན་གནས་ཚང་མར་མང་ཇ། གྲོང་ཆེན་དུའང་མང་ཇ་ཁ་ཤས་ཐོག་ཕོ་རྟ་སྤུས་ལེགས་ཀྱི་རྟ་འགྱེད། བསྐང་གསོ་སྙན་ཤལ་འབུལ་བ་སོགས་ཞབས་བརྟན་ཇི་སྙེད་བསྒྲུབས་རྗེས། བཀའ་ལས། མདང་དགོང་རྨི་ལམ་དུ་རྒྱ་དཔོན་འགའ་ཟུང་དགེས་ཉམས་ཀྱིས་དཔའ་དར་དགོས་ཟེར་བར་ཁ་འཐགས་བཏགས་པ་རྨིས་པ་བཅས་ད་རང་སྐྱོན་མི་འོང་བ་འདྲ་ཕེབ་པ་ནས་བཟུང་སྐུ་ཁམས་ཇཻ་བདེར་སོང་མཚམས། འདར་བསམ་གྲུབ་ཏུ་སྨན་ཐང་ཡུམ། བསམ་གྲུབ་དགོན་གསར་ནས་དགེ་སློང་གཉིས་བཅས་པར་མཁའ་སྤྱོད་མའི་བཤར་ཁྲིད་བྱིན་རླབས་བཅས་སྩལ་ཞིང༌། ཡུམ་ནས་མཁའ་སྤྱོད་མའི་བསྙེན་པའི་ཚད་ཆོ་ག་དང་སྦྱིན་སྲེག་ནག་འགྲོས་མ་གཉིས་གསར་བསྒྲིག་ཞུས་པ་བཞིན་མཛད། སླར་ཡང་ཁྲིད་ཞུ་བ་སོགས་ཞལ་ངོ་ཚང་མ་དང༌། རྨུ་བྲག་ཤོད་རི་ཁྲོད་ནས་རྗེ་ངག །ད་ལྟའི་གྲོང་ཆེན་དབུ་མཛད་བཅས་འབྱོར་པས་ཚེ་བཀའ་རྒྱས་པར་སྩལ་ཞིང༌། འོག་གི་མནལ་ལྟས་ལུང་བསྟན་ཀྱང་འདི་སྐབས་གནང་བ་ཡིན་ཞིང༌། གང་ལྟར་