[A:༢༠༧]འཆང་ཤཱཀྱ་དཔལ་གྱི་གདུགས་དཀར་དཀྱིལ་ཆོག །དེའི་ལྷན་ཐབས་ཞྭ་ལུ་མཁན་ཆེན། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་གསུང་སྐོར་ལ། གསུང་ངག་ཁོག་ཕུབ། སྣང་རྒྱུད་ལེགས་བཤད། སེམས་བསྐྱེད་ཆེན་མོ། སློབ་མ་རྗེས་འཛིན། ཨཥྟཱའི་བཟླས་ལུང༌། དམ་ཚིག་གི་རྣམ་བཤད། ཕྱི་ནང་བསྐྱེད་རིམ་གྱི་བཤད་པ། ཚར་གསུམ་ཁུག་པའི་ཡི་གེ །ལམ་དབང་མཐའ་དཔྱོད་ཟུར་འདེབས། བདག་མེད་མའི་བྱིན་རླབས། ལམ་ཟབ་བླ་མ་རིན་འབྱུང༌། བརྡ་དོན་གསལ་བ། ལམ་སྦས་བཤད། བརྡ་ཆིག་བརྒྱུད་དང༌། སྒྲུབ་པ་ལུང་སྦྱིན། གསང་བཅུའི་རྒྱས་གདབ། རྣམ་འཇོམས་བིར་ལུགས། མགོན་རྐྱང་རྗེས་གནང་རྣམས་ཀྱི་ཡི་གེ་དང༌། བཀའ་འགྱུར་བའི་གདུགས་དཀར་མདོས་ཆེན། གོང་ས་ལྔ་པ་ཆེན་པོའི་གནས་བརྟན་མཆོད་ཆོག་དང་སྒྲོལ་མདོས། ཨ་མེས་ཞབས་ཀྱི་ཀྱེ་རྡོར་བསྙེན་ཐབས། མགོན་པོའི་ཆོས་འབྱུང༌། གསུང་ངག་ཆོས་འབྱུང་ཚིགས་བཅད་མ། བསྟན་པའི་རྡོ་རྗེའི་གསུང་ངག་ཁྲིད་ཡིག །གཏེར་བདག་གླིང་པའི་གསང་བའི་རྣམ་ཐར་གཉིས་དང༌། མྱ་ངན་འདས་བྱུང་གི་སྐོར་བཅས་དེ་རྣམས་ཀྱི་ལུང་སྩལ། ངེད་རང་མཆེད་སོགས་ཀྱིས་ཕུར་སྒྲུབ་སྔོན་འགྲོའི་ཕྲིན་འཆོལ་སོགས་བྲེལ་བ་དང༌། རྣམ་འདྲེན་དམ་པ་ཟུང་ཞལ་དགྱེས་ལེགས་པར་མཛད་དེ། བདག་མོར་ལེགས་སྐྱེས་གསོལ་རས་སྩལ། ཕུར་སྒྲུབ་ཆེན་མོའི་སྐབས་རྗེ་འདི་ཉིད་ནས་ཐར་རྩེ་གྲུབ་དབང་མཆོག་ལ་སྟག་ཞོན་དང་ཏྲག་ཤད་ཀྱི་རྗེས་གནང་གསོལ་འདེབས་མཛད་པ་བཞིན། ཐར་རྩེ་རྗེས་ཏྲག་ཤད་རྗེས་གནང་ཚར་གཉིས་གནང་གྲུབ་མཚམས་སྤྱན་