[A:༢༠༨]འགྲིབས་འཕར་བས། སྟག་ཞོན་གྱི་རྗེས་གནང་དེ་རྟེན་འབྲེལ་མ་འགྲིགས་གསུངས་ནས་སྩལ་མ་ཐུབ། གཞན་ཡང་འདི་སྐབས་ལུགས་གཉིས་དང་འབྲེལ་བའི་ལེགས་བཤད་ཁ་ཤས་ཡོད་འགྲོའང་ཇི་བཞིན་མ་དྲན། ཁྲུམས་ཟླའི་ཉེར་གསུམ་ནས་བཟུང་ཕུན་ཚོགས་གླིང་གི་དབང་ཁང་དུ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ཆོས་སྐོར་ཡོངས་སུ་རྫོགས་པར་སྩལ་བར། ཕྱི་ཁྲིད་སྔོན་འགྲོ་མགོན་པོ་ཁྲོ་བཅུ་དང༌། གསང་ཁྲིད་སྔོན་འགྲོ་གུར་ལྷ་དགུ། བ་རི་མགོན་རྐྱང༌། ལྕམ་དྲལ་ལྷ་གསུམ་ལྷ་བརྒྱད་ཐུན་མོང་དང༌། ཐུན་མོང་མ་ཡིན་པ། བཅུ་གཉིས་མ་ཐུན་མོང་དང༌། ཐུན་མོང་མ་ཡིན་པ། བེར་ནག་ཟངས་གྲི་ཅན། པུ་ཏྲའི་ཟུར་བཀའ། གཅེར་བུ་ཟངས་གྲི་ཅན། བྲན་བདུད་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་རྣམས་དང་མེ་འབར་སྙན་བརྒྱུད། ཁ་སྐོང་རྣམས་ཀྱི་ལུང༌། བྲག་རྫོང་མ་ཕྱི་ནང་གསང་གསུམ་དང་གསང་ཁྲིད་ཐུན་མོང་མ་ཡིན་པ་བཅས་ཁའུ་བྲག་རྫོང་པའི་བླ་མ་གོང་མ་རྣམས་ཀྱི་གསུང་རྒྱུན་ཕྲ་མོ་ཚུན་ཆད་ཀྱང་མ་ཉམས་ཤིང༌། ཆོས་སྐྱོང་འདིའི་མན་ངག་ཁོག་ཕུབ་ཀྱི་ལེགས་བཤད་ཤིན་ཏུ་རྒྱས་ཤིང་མཐའ་ཆོད་པར་སྩལ། འདི་སྐབས་ཐར་རྩེ་རྡོ་རྗེ་འཆང་ལ་མཁའ་སྤྱོད་མའི་བྱིན་རླབས་ཀྱང་འབུལ་བ་གནང༌། གཞན་ཡང་ལོ་དེའི་དབྱུག་ཟླའི་ནང་གཞི་ཐོག་དབང་ཁང་སྨིན་གྲོལ་དུ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པའི་ཟབ་གཏེར་གྲས་ནས་ཚེ་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་ལོ་རྒྱུས། སྒྲུབ་ཐབས་རྗེས་གནང༌། ཚེ་འཁོར་བཅུད་ལེན། རྒྱུན་ཁྱེར་ལས་བྱང༌། དབང་ཆོག །ཚེ་ཁྲིད། བརྟན་བཞུགས། བསྙེན་ཡིག །བསྟན་སྲུང་མཆོད་ཕྲེང་རྣམས་