[A:༢༠༩]ཀྱི་ལུང་དང༌། ཡང་དེ་གྲས་གུ་རུ་དྲག་དམར་གྱི་དབང་ཞུས་ཉིན་ས་གཡོས་ཤིན་ཏུ་ཆེ་བ་ཞིག་བྱུང་བས་དྲེགས་པའི་སྲོག་གཏད་ཞུ་མ་ནུས་པ་རྟེན་འབྲེལ་ཤིན་ཏུ་འཁྱུགས་རྐྱེན་དུ་སོང་ཞིང༌། འདིའི་ཆོས་སྐོར། ལོ་རྒྱུས། སྒྲུབ་ཐབས། ལས་བྱང༌། ཕྲིན་ལས། ཁ་སྐོང༌། དབང་ཆོག །ལྷ་སྲིན་དམ་འདོགས། མནན་སྲེག་འཕང་གསུམ་དང༌། བསྲུང་བཟློག་གསད་གསུམ་གྱི་མན་ངག །རྒྱལ་འགོང་གནད་འབེབས། ལས་ཚོགས་བདུན་པ། གཏེར་སྲུང་བདུད་བཙན་ཀླུ་གསུམ་གྱི་སྒྲུབ་ཐབས། ལས་བུམ་སྒྲུབ་ཆོག །བསྙེན་ཡིག །བརྒྱུད་འདེབས། རྒྱུན་ཁྱེར། ལས་བྱང༌། གཏོར་མའི་ལས་རིམ། མེའི་ལས་སྦྱོར། ཧོམ་ཡིག །དེའི་ངག་འདོན། གནད་འབེབས། གསལ་བྱེད། བཀའ་བསྒོ། གཏེར་བདག་གཏོར་ཆོག །མཚམས་སྦྱོར་ལེའུ་ཚན། སེར་སྲུང་སོགས་གཏེར་གཞུང་ངོ་མ་དང༌། གསལ་བྱེད་རྣམས་ཀྱི་ལུང༌། རྡོར་སེམས་ཐུགས་སྒྲུབ་རས་བྲིས་དཀྱིལ་འཁོར་དུ་དབང་བསྐུར་གནང་ནས། ལུང་གི་སྐོར་ལ། ཟབ་གཏེར་ཁ་བྱང༌། རྩ་བའི་ཆོས་སྣ་བཅུ་གཅིག །ཁྲིད་ཡིག་རབ་གསལ་སྣང་བ་སོགས། དེ་སྐོར་གསལ་བྱེད་ཀྱི་ཡི་གེ་ཁ་ཤས་བཅས་ཀྱི་ལུང༌། གསང་སྔགས་གསར་རྙིང་གི་ཡི་དམ་ཆོས་སྲུང་མང་པོའི་རྗེས་གནང་དཀོན་པ་རྣམས་གཏེར་བདག་གླིང་པ་ཆེན་པོས་ཕྱོགས་གཅིག་ཏུ་བསྡུས་པར་མཛད་པ་འདོད་འཇོའི་བུམ་བཟང་གི་དབང་ལུང་ཚང་མའང་སྩལ་ཞིང་བཀའ་རྒྱ་མའི་རྣམ་གཞག་སོགས་ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་མ་འཆོལ་བར་མཛད། ཡང་བྱང་གཏེར་བྱིན་རླབས་ཐུགས་རྗེའི་དབང་སྔོན་དུ་