[A:༢༢༧] ལས་འབྲེལ་རྩལ་ནས་བརྒྱུད་པ་སོགས། བརྒྱུད་པའི་ཆུ་བོ་དུ་མ་འདྲེས་པའི་གཟའ་དབང༌། ལས་འབྲེལ་རྩལ་གྱི་གཟའ་པོད་ནས་ཉེར་མཁོ་མང་པོ། །གཡའ་བཟང་བའི་ཉི་མ་མདུང་གང་མའི་སྐོར། ཀུན་བཟང་རྩེ་པ་ཟི་སྟོན་བསོད་ནམས་རྒྱལ་མཚན་གྱིས་མཛད་སྐོར། གླིང་རས་བླ་མཆོད་ནཱ་རོ་གསང་སྤྱོད་ཀྱི་ཡི་གེ་གཉིས་བཅས་ཀྱི་ལུང་རྣམས་གསན་ནོ། །དེ་ནས་འབྲུ་མང་ཞེས་པ་ས་སྟག་ལོའི་ཟླ་བ་གཉིས་པའི་ནང་བསམ་གཏན་ཆོས་གླིང་བརྒྱུད་ཤེའུ་གྲོང་དུ་ཕེབ། དགེ་འདུན་རྣམས་ལ་གསུང་ཆོས་ཅི་རིགས་གནང་མུར། རྒྱལ་ཚབ་རིན་པོ་ཆེའི་སྐུའི་རྐྱེན་སེལ་དུ་བྱད་འགྲོལ་འབུལ་བར་ཕེབ་དགོས་ཀྱི་བཀའ་ལུང་སྩལ་བ་བཞིན་ལྷ་ལྡན་དུ་ཆིབས་བསྐྱོད། བྱད་འགྲོལ་ལན་ཁ་ཤས་དང༌། མགོན་པོ་ཁྲོ་བཅུའི་རྗེས་གནང༌། རྡོ་རྗེ་བྲག་རྫོང་མའི་བཤར་ཁྲིད། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཁྲིད་ཡིག་གི་ལུང་སོགས་འབུལ་བ་གནང་སྟེ། སླར་ཡང་ཤེའུ་གྲོང་དང་རྨོ་ར་སོགས་བརྒྱུད་ཆོས་སྡེར་ཕྱགས་ཕེབ། ཆོག་མང་གི་ཚོགས་དབུར་ཕེབ་ཅིང་ས་ཆོག་གི་གར་དང་རྒྱས་པའི་སྦྱིན་སྲེག་སོགས་ཀྱང་སྔར་འཁྱུད་བཞིན་མཛད་དེ། ས་ག་དང་སྣྲོན་ཟླར་སྐུ་གཅད་རྒྱའི་ངོས་ནས་ཐུགས་དམ་དང༌། ཉིན་གུང་རིག་འཛིན་སྐལ་བཟང་རྣམ་གྲོལ་གྱི་དྲུང་ནས། སྐྱབས་མགོན་རྒྱལ་བའི་དབང་པོ་གོང་ཞབས་ལྔ་པ་ཆེན་པོའི་རྣམ་ཐར་གསང་བ་རྒྱ་ཅན་གྱི་སྐོར་གྱི་དབང་བྱིན་རླབས་རྗེས་གནང་ཡོངས་སུ་རྫོགས་པ། བུ་ཡིག་སྐོར་ཕལ་ཆེར་གྱི་ལུང་རྣམས་གསན། འདི་ལོ་བྱ་ས་ལྷ་ཁང་གི་གཙང་ཁང་དབུས་མར་ཞིག་གསོ། ཞལ་གསེར། ཚོན་རྩི། གསེར་ཤོག་བཅས་