R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༢༩
[A:༢༢༩]དཔོན་བླ་མ་ཕྲིན་ལས་དཔོན་གཡོག་ལ་དཔལ་དུས་ཀྱི་འཁོར་ལོ་དང༌། མགོན་པོ་ཆེ་ཆུང་སོགས་ཆོས་བཀའ་ཤིན་ཏུ་མང་བ་དགོས་ཚུལ་གྱི་ཞུ་ཤོག་འབུལ་ནོད་རྒྱ་ཆེན་དང་བཅས་པ་འབྱོར་ཞིང༌། སྐུ་ཁམས་ཧ་ཅང་དྭངས་རྒྱུ་མེད་གཤིས། ངེད་རང་ལ་སྣེ་སྦྱོར་གྱི་བཀའ་ཤོག་བཅས་རྫོང་བདར་གནང་བ་བཞིན་སྟོན་གཞུག་དང་དགུན་མགོར་རྡོ་རྗེ་འཇིགས་བྱེད། དམར་པོ་སྐོར་གསུམ། རྣམ་སྲས་སྐོར། ཆོས་སྐྱོང་ཐུན་མོང་དང༌། ཐུན་མོང་མ་ཡིན་པ་གཞན་གྱི་སྐོར། གྲྭ་ལྔ། གདུགས་དཀར་གྱི་དབང་སོགས། མདོར་ན་དབང་ལུང་རྗེས་གནང་རྣམས་ཁོ་རང་ཚོའི་འདོད་པ་བཞིན་བགྱིས་ནས། སྐུ་དྲུང་དུ་བརྫོངས་དོན་བཞིན་འབྱོར་ཏེ། ཟླ་བ་བཅུ་གཅིག་པའི་ནང་དུ་དུས་འཁོར་བླ་མ་ཕྲིན་ལས་དཔོན་གཡོག་ལ་བོང་ཁའི་མཁན་ཆེན་སྐལ་བཟང་མཆོག་གྲུབ། བོད་འབྲུག་ཆོས་རྗེ། སྡེ་པ་སྤོ་ར་བ་ཡབ་སྲས། རིག་འཛིན་རྣམས་སྲས་རྒྱལ་པོ། ཞབས་འབྲིང་པ་དགེ་སློང་ངག་དབང་འཇམ་དབྱངས་སོགས། ཆོས་སྡེའི་གྲྭ་པ་ཁ་ཤས་བཅས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་སློབ་མ་རྗེས་གཟུང་ནས་བདག་པོ་ཆེན་པོའི་བར་རྒྱས་པར་དང༌། རྡོ་རྗེ་ཤུགས་དང༌། སྣ་ཚོགས་ཡུམ་གཉིས་ཀྱི་རྗེས་གནང༌། བསྡུས་རྒྱུད་ཀྱི་ལུང༌། གཞན་ཡང་བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་མངོན་དཀྱིལ། མཆོད་ཕྲེང་དང༌། བསྟོད་པ། སྨོན་ལམ། ཞི་བའི་སྦྱིན་སྲེག །རྒྱུད་སྡེའི་སྒོ་འབྱེད་རྣམས་དང༌། རྒྱས་པའི་སྦྱིན་སྲེག་གི་ལྷན་ཐབས་ཀུ་སཱ་ལི་པ་རྒྱལ་མཚན་དཔལ་བཟང་གིས་མཛད་པ། མགོན་པོ་བསོད་ནམས་མཆོག་ལྡན་གྱིས་མཛད་པའི་རྒྱས་པའི་སྦྱིན་སྲེག །སྒྲོལ་