R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༣༠
[A:༢༣༠]མདོས་དང༌། གདུགས་དཀར་མདོས་སྐོར། བྱད་དགྲོལ་གསེར་གྱི་ལྡེའུ་མིག་གི་ཡིག་སྣ་དྲུག་ཙམ། དུས་ཀྱི་འཁོར་ལོའི་ཡིག་ཆ་སྐྱབས་མགོན་དམ་པ་འདི་ཉིད་ཀྱི་ལྗགས་བསྒྲིགས་མ། བརྒྱུད་འདེབས། མངོན་དཀྱིལ་རྣམས་ཀྱི་ལུང་སོགས་ཤིན་ཏུ་མང་བར་སྩལ། རྒྱ་ཚབ་ཆེན་པོར་བྱད་འགྲོལ་ཁ་ཤས་དང༌། གསུང་བསྐང་བ་ཚོགས་ཡོངས་བཅས་ལ་མགོན་པོ་ལྷ་བརྒྱད་མ། ཞལ་དཀར་པོ་ཚེ་འཕེལ། པུུ་ཏྲ་གནོད་སྦྱིན་ལྕམ་སྲིང་ལྷ་མང་བཅས་ཀྱི་རྗེས་གནང་དང༌། གོང་ཞབས་རིན་པོ་ཆེ་ལྔ་པའི་ལྗགས་བསྒྲིགས་ཀྱི་གཏོར་བསྔོ། བསྐང་བཤགས། བསྟོད་བསྐུལ། ཚོགས་འཁོར་བཅས་ཀྱི་ལུང་རྣམས་དང༌། བོད་སྐྱོང་བརྟན་མ་བཅུ་གཉིས། དྲི་ཟའི་རྒྱལ་པོ་ལྷ་ཆེན་འབར་བ་རྩལ། བཙན་རྒོད་ཡ་བ་རྐྱ་བདུན་བཅས་ཀྱི་སྲོག་གཏད་རྣམས་འབུལ་བར་མཛད། གཞན་ཡང་རྒྱལ་ཚབ་ཐམས་ཅད་མཁྱེན་བ་སྐུ་འཁོར་ཉུང་ཤས་ལ་འཆི་མེད་དཔལ་སྟེར་གྱི་ཚེ་དབང༌། ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ཡང་གསང་གི་རྩ་དབང༌། ཚེ་དབང་བཀའ་སྡོད་གྱིང་ལྔ། གཟའ་གདོང་གི་བཀའ་གཏད། ཡིག་སྐོར་ཉེར་མཁོ་འགའ་ཞིག་གི་ལུང་བཅས་འབུལ་བར་གནང༌། གུར་མགོན། ཞལ། ལྷ་མོ། བེག་ཙེ་སོགས་ཀྱི་འཆམ་སྐུ་གསར་བཞེང་གནང་བར་བླ་རྡོ་སྲོག་འཁོར་གཞུགས་པ་དང༌། ཐུན་མོང་བའི་རུ་མཚོན་བཅའ་བ་དང་སྒྲུབ་པ་སོགས་ནན་ཏན་མཛད། བོད་འབྲུག་ཆོས་རྗེ། སྡེ་པ་སྤོ་ར་བ་ཡབ། དབུ་མཛད་རྣམ་སྲས་རྒྱལ་པོ་སོགས་ལ། བི་མ་སྙིང་ཐིག་དང༌། ཟབ་མོ་ཡང་ཏིག་གི་དབང་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་སོགས་རྫོགས་པ་དང༌། བི་མ་སྙིང་ཐིག་གི་ལུང་