[A:༢༣༦]གཅིག་ཏུ་བརྗོད་ན། དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་སྙིགས་མའི་དུས་འདིར་རྗེ་བཙུན་ས་སྐྱ་པའི་སྙན་བརྒྱུད་ཟབ་མོའི་བསྟན་པ་རིན་པོ་ཆེའི་མངའ་བདག་རིས་མེད་གྲུབ་མཐའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བའི་སྟོན་པ་བླ་ན་མེད་པ་རྨོར་ཆེན་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། །གང་གི་ཐུགས་སྲས་འཕགས་སྡེ་མཁན་ཆེན་ངག་དབང་བློ་གསལ་བསྟན་འཛིན་རྒྱ་མཚོ། བསམ་ཡས་བཀའ་འགྱུར་བ་སངས་རྒྱས་རྒྱལ་མཚན། གྲུབ་དབང་བླ་མ་ཀུན་དགའ་ཚུལ་ཁྲིམས། ཁམས་སྟོན་གྲུབ་པའི་དབང་ཕྱུག་སངས་རྒྱས་རྒྱ་མཚོ། འཁོར་ལོ་སྡོམ་པ་ཆོས་འཁོར་གནས་ཀྱི་སློབ་དཔོན་ཀུན་དགའ་བསམ་གཏན། དཔལ་རྡོ་རྗེ་འཇིགས་བྱེད་ལ་གྲུབ་པའི་མཚན་མ་བརྙེས་པ་བཀྲ་ཤིས་ཆོས་སྡེའི་སློབ་དཔོན་བསོད་ནམས་སྣང་བྱེད། གྲུབ་དབང་འགྱུར་མེད་པདྨ་རྒྱལ་མཚན། ངེས་དོན་ཟབ་མོའི་དཔལ་འཛིན་སྐལ་བཟང་རྣམ་གྲོལ། རྟོགས་པའི་མངའ་བདག་པུུ་ཧྲང་བླ་མ་ལེགས་པ་དོན་གྲུབ། རྟ་མགྲིན་གྲུབ་བརྙེས་གཏོར་སྒྲུབ་སློབ་དཔོན་ངག་དབང་གྲགས་པ། གསར་རྙིང་གདམས་པའི་མཛོད་འཛིན་མང་ར་བ་མཁན་པོ་བློ་བཟང་དགེ་འདུན། མཁས་བཙུན་དམ་པ་གངས་ཅན་མཁན་པོ་ངག་དབང་རབ་བརྟན། མཁྱེན་ཡངས་འཕགས་སྡེ་བ་བསྟན་པ་རྒྱལ་མཚན། དགོན་གསར་སློབ་དཔོན་མཁྱེན་རབ་བསྟན་འཛིན་བཟང་པོ། །འཚོ་བྱེད་ངག་དབང་དོན་གྲུབ་སྟེ་རྨོར་ཆེན་རྡོ་རྗེ་འཆང་ཡབ་སྲས་བཅུ་དྲུག །གཞན་ཡང་རྣམ་འདྲེན་དམ་པ་འདི་ཉིད་ནི་ཡང་སྲིད་རིན་པོ་ཆེ་སྔོན་མ་དུ་མ་དང༌། ད་ལྟའི་སྐུ་ཐོག་བཅས་ལ་རྩ་བའི་གྲུབ་མཐའ་རྗེ་བཙུན་ས་སྐྱ་པའི་ལུགས་