[A:༢༣༥]ལ། །གློ་སྙིང་བྲང་གསུམ་གཏོད་ཅིག །འདི་ཕྱི་བར་དོ་གསུམ་དུ། །འདི་ཡིས་བསླུ་བ་མེད་པས། །མ་ནོར་ལམ་ལ་འབུངས་ཤིག །ཅེས་གསུངས་པའི་དོན་རྣམས་བདག་ཅག་གི་སྐྱབས་མགོན་མཚུངས་པ་མེད་པ་ཉིད་ཀྱིས་ཐུགས་ཀྱི་ཀློང་དུ་སིམ་པར་མཛད་ནས། ཐོས་པ་དེ་དག་ཐམས་ཅད་ཀྱང༌། །མིང་རྐྱང་ཙམ་དུ་མ་བཞག་གོ །ཞེས་པ་ལྟར། མཁས་གྲུབ་ཀྱི་བླ་མ་འབའ་ཞིག་བསྟེན་ནས་ཐོས་པ་མཛད་པ་ཡིན་ཏེ། རྗེ་ཉིད་ཀྱི་གསུང་ལས། ཡུལ་དབུས་གཙང་ཁམས་གསུམ་ཆུ་བཞིན་ཉུལ། །ཆོས་དབང་ལུང་གདམས་པའི་བང་མཛོད་འཛིན། །ང་ཕྱོགས་འཛིན་ཨ་འཐས་མི་ཆེ་བས། །བོད་གངས་ཅན་སངས་རྒྱས་བསྟན་འཛིན་པ། །མཚན་མི་འདྲ་ས་རྙིང་ཀར་འབྲུག་དང༌། །དགེ་ལྡན་ཞེས་འཁྲུལ་མེད་བསྟན་འཛིན་ཀུན། །དད་མོས་པས་མཇལ་ཞིང་ཟབ་ཆོས་ཞུས། །ང་ཆོས་དད་ཆེ་ཡང་རྟོག་དཔྱོད་ཅན། །ཆོས་འཁྲུལ་ཟད་ཁུངས་ཐུབ་འབད་པས་ཉན། །ནོར་སྙན་གྲགས་ཀྱི་རྗེས་སུ་ང་མི་འབྲང༌། །ཞེས་འབྱུང་བ་ལྟར་མཁས་གྲུབ་དུ་མ་ཞིག་བསྟེན་པར་མཛད་པ་ཡིན་ཏེ། གང་གི་རྣམ་ཐར་གསོལ་འདེབས་ཚིགས་བཅད་མ་ལས། མཚུངས་མེད་མཁས་གྲུབ་བླ་མ་བཅུ་ཕྲག་གསུམ། །ལྔ་ཕྲག་དག་གི་ཞབས་པད་ཉེར་བསྟེན་ནས། །སྨིན་གྲོལ་བཤད་སྒྲུབ་གདམས་པའི་བདུད་རྩིའི་བཅུད། །ངོམས་མེད་གསོལ་བ་ཆོས་ཀྱི་རྒྱ་མཚོར་འདུད། །ཅེས་གསུང་པ་ལྟར་རྣམ་ཐར་ཚིགས་བཅད་མ་འདི་ལྗགས་རྩོམ་གྱི་ཚེའང་མཁས་གྲུབ་དམ་པ་འདི་ཙམ་ཞིག་བསྟེན་པར་མཛད་ཟིན་ལ། ཕྱིས་ནས་དེ་བས་ཀྱང་ཆེས་མང་བ་ཞིག་བསྟེན་པར་མཛད་པ་རྣམས་རྟོགས་སླ་བའི་ཕྱིར་འདིར་ཕྱོགས་