[A:༢༣༧]འདི་གཙོ་བོར་ཐུགས་ཉམས་སུ་བསྟར་བས་ན། དེ་དང་རྗེས་འབྲེལ་གྱི་དབང་དུ་བཏང་སྟེ། ཡབ་རྗེ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། །རྗེ་བཙུན་མཁའ་སྤྱོད་དབང་མོ་ཀུན་དགའ་བསྟན་པའི་ཉི་མ། གྲུབ་དབང་སྒྲོ་ལུང་པ་ཆེན་པོ་མང་ཐོས་བསོད་ནམས་ཆོས་འཕེལ། བླ་མཆན་དཀོན་མཆོག་རྒྱལ་པོ། །གོང་དཀར་ཆོས་རྗེ་བློ་གྲོས་དབང་ཕྱུག །ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གདན་ས་པ་ཆེན་པོ་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། ཐར་རྩེ་རྡོ་རྗེ་འཆང་ནམ་མཁའ་བསམ་འགྲུབ། འཇམ་མགོན་དཔལ་ལྡན་ཆོས་སྐྱོང༌། ཆོས་རྗེ་བཀྲ་ཤིས་བཟང་པོ། །བླ་མ་ནམ་མཁའ་དཔལ་བཟང༌། བླ་མ་ཀུན་དགའ་བསྟན་འཛིན། ཆོས་རྗེ་བསྟན་འཛིན་ཕུན་ཚོགས། བསྟན་འཛིན་གྱི་སྐྱེས་བུར་གཏོགས་ཙམ་ཟ་ཉལ་འཆག་གི་རྣལ་འབྱོར་པ་ཟོག་རྫུན་མཁན་ཀུན་དགའ་བློ་གྲོས། ལྷག་བསམ་ཅན་མཐུ་སྟོབས་དབང་ཕྱུག །ཆེ་ཞེ་བསོད་ནམས་བསྟན་པའི་ཉི་མ། མཆོག་གསུམ་ཕྲིན་ལས་དབང་མོ། །རབ་བྱུང་མཁན་པོ་བཟོད་པ་འོད་ཟེར། དཔོན་ཡིག་པ་ཀུན་དགའ་སངས་རྒྱས། ཞེ་དགོན་མཁན་ཆེན་བསོད་ནམས་དཔལ་བཟང༌། །གཟིམས་ཕུག་སྤྲུལ་པའི་སྐུ་བློ་བཟང་བསྟན་འཛིན་མགོན་པོ། །གཟིམས་ཁང་འོག་སྤྲུལ་པའི་སྐུ་སངས་རྒྱས་བསྟན་འཛིན། །བོད་འབྲུག་ཆོས་རྗེ་མཁྱེན་རབ་བློ་གསལ་ཕུན་ཚོགས་ཏེ། འཁོན་རིགས་འཛིན་པ་འགྲན་བྲལ་གཉིས་དང༌། ཐ་ཤལ་བཞི། རྗེས་འབྲང་མཁས་གྲུབ་བཅུ་དྲུག །སྲིད་གསུམ་ལྷ་མའི་གཙུག་རྒྱན་རྒྱལ་བ་རྡོ་རྗེ་འཆང་བློ་བཟང་སྐལ་བཟང་རྒྱ་མཚོ། ཁྲི་ཆེན་ནོ་མོན་ཧན་ངག་དབང་མཆོག་ལྡན། རྒྱལ་སྲས་