[A:༢༣༨]མཆོག་གི་སྤྲུལ་སྐུ་བློ་བཟང་འཇིགས་མེད་ཡེ་ཤེས་གྲགས་པ། ཞི་བ་ལྷ་སྤྲུལ་པའི་སྐུ་འཕགས་བ་དགེ་ལེགས་རྒྱལ་མཚན། འབྲས་སྤུངས་བཀའ་འགྱུར་བ་རིན་ཆེན་དམ་ཆོས། བཀའ་འགྱུར་བ་ཐབས་མཁས་རྒྱ་མཚོ་སྟེ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་འཛིན་དམ་པ་དྲུག །རིག་འཛིན་གྲུབ་པའི་ཁྱུ་མཆོག་ཀུན་བཟང་ཀློང་གྲོལ། ཐུགས་སྲས་མཆོག་སྤྲུལ་མཆོག་གྲུབ་དཔལ་འབར། ཀཿཐོག་རིག་འཛིན་ཆེན་མོ་ཚེ་དབང་ནོར་བུ། ས་སྨད་དཔལ་ཡུལ་བླ་མ་པདྨ་ནོར་བུ། ཟུར་མཆོག་སྤྲུལ་ཕྲིན་ལས་བློ་ལྡན་རྒྱ་མཚོ། གླན་སྟོན་ཐེག་མཆོག་འོད་གསལ་རང་གྲོལ། གཏེར་ཆེན་བླ་མ་གར་དབང་ལས་རབ་རྩལ། གཏེར་ཆེན་ཀུན་བཟང་བདེ་ཆེན་རྒྱལ་པོ། །རིག་འཛིན་ཚེ་དབང་བཀྲ་ཤིས། སྣུབ་སྟོན་བློ་བཟང་དོན་གྲུབ། སྔགས་འཆང་རིན་ཆེན་བཀྲ་ཤིས། རྡོ་རྗེ་འཛིན་པ་བློ་བཟང་བསོད་ནམས། གྲུབ་དབང་པདྨ་བདེ་ཆེན། གྲུབ་མཆོག་རྣམ་སྲས་རྒྱལ་པོ་སྟེ་གསང་ཆེན་རྙིང་མ་གཙོ་བོར་གསན་པའི་མཁས་གྲུབ་བཅུ་བཞི། མཚུར་ཕུའི་བླ་ཆེན་ཏྲེ་བོ་གོང་མ། སི་ཏུ་ཆོས་རྗེ་ཀརྨ་ཆོས་ཀྱི་འབྱུང་གནས། འབྲུག་པ་ཐམས་ཅད་མཁྱེན་པ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། རི་བོ་ཆེའི་མཁན་ཆེན་བློ་བཟང་སྟོབས་ལྡན་དཔལ་འབྱོར། གྲུབ་རིགས་ངག་དབང་ཡོངས་གྲགས། ལྕགས་ཟམ་པ་བློ་བཟང་དཔལ་གྲུབ། གླང་འཁོར་གདན་ས་པ་འཆི་མེད་གཞོན་ནུ་བློ་གྲོས། གྲུབ་དབང་ངག་དབང་པདྨ། དགེ་སློང་འགྱུར་མེད་ཆོས་འཕེལ། ཞྭ་ལུ་བླ་ཆེན་ཐུགས་རྗེ་བརྩོན་འགྲུས། ཞྭ་ལུ་བ་རིན་ཆེན་འཇམ་དཔལ་ཆོས་མཆོག །ཟངས་བསྟན་སྤོ་ར་དབུ་ཆེན་ཆོས་གྲགས་བཟང་པོ། །གྲུབ་མཆོག་བློ་བཟང་གར་དབང༌། འཚོ་བྱེད་ཆེན་པོ་བཞི་སྟེ་རིས་མེད་