[A:༢༤༧]པ་དང་བསྙུན་ལས་གྲོལ་ཞེས་གསུངས་པས། ལམ་དེ་སྐབས་ཀྱི་དངོས་རྟགས་ཤིན་ཏུ་གསལ་བ་དང༌། ས་སྐྱར་སྔོན་ཕེབ་སྐབས་ཞལ་གྱི་གསང་ཁྲིད་གནང་དུས་སྤྱན་ལྟས་སུ་དྲིལ་ལྕེ་ཞིག་གི་ལྡེབས་ལ་སྤྲིན་བུན་ལོང་གི་དབུས་ན་ཀྱེ་རྡོར་གྱི་སྐུ་ཆུང་ངུ་ཞིག་དང༌། དེའི་འོག་ན་ཞལ་བྲམ་གཟུགས་ཡོད་པ་ཞིག་ཤར་གསུངས་པ་དང༌། ཁོ་བོས་མགོན་པོ་དྲུག་ཅུ་པའི་ཟོར་འཛིན་ཐོག་མར་བགྱིས་སྐབས་མན་ངག་ནས་འབྱུང་བ་བཞིན་གྲི་གུག་གསར་བཟོ་བགྱིས་ཏེ་ཡར་ཀླུང་དུ་ཕྱག་ནས་ལ་བསྐུར་བའི་ཕྱིར་ཕེབ་ཏུ། རྟགས་ངོ་མཚར་ཅན་བྱུང་གསུངས་པ་བཞིན་རྗེས་སུ་དངོས་མཇལ་སྐབས་ཅི་བྱུང་ལགས་ཞུས་པས། དེ་ནུབ་རྨི་ལྟས་སུ་སྒྱོགས་རྡོའི་འཁྲུལ་འཁོར་ནམ་མཁའི་མཐོང་ལ་རེག་པ་ཞིག་བཅས་པར་ཤར་གསུངས་པ་དང༌། རྗེས་སུ་ཞལ་གྱི་རྗེས་གནང་ཡོངས་རྫོགས་སྩལ་སྐབས་ཀྱང་གཟིགས་སྣང་ངོ་མཚར་ཅན་རེ་གཉིས་བྱུང་སོང་ཡང༌། རེ་ཞིག་ཆོས་སྐྱོང་བཀའ་གཉན་པས་འདྲི་བར་མ་ནུས་ཤིང༌། ཡང་གྲོང་ཆེན་མཁན་པོ་ངག་དབང་ཤེས་རབ་ནས་གསུང་ངག་སློབ་བཤད་མ་ཐོབ་ཚུལ་ཞུས་པར་ངེད་ཀྱི་ལམ་འབྲས་ཚར་བདུན་སོང༌། ད་རང་བྱེད་ཐུབ་པར་དཀའ་གསུངས་པའང་དེ་ཁོ་ནར་སོང་བ་དང༌། ཁོང་ལ་སྡེབ་སྦྱོར་གྱི་ཕྱག་ཁྲིད་གནང་བའི་ཚེ་པྲ་སྟཱར་འགོད་ཚུལ་དེ་ལ་ཐུགས་ཅུང་ཟད་ཐེ་ཚོམ་གྱིས་འགོད་མི་མཁྱེན་པ་ལྟར་བྱུང་བའི་སོང་ཞོག་མཇལ་སྐབས། བཀའ་ལས། ད་ནངས་གུང་སེང་སྐབས་པྲསྟཱ་ར་འགོད་མ་ཤེས་པ་བློ་མ་བདེ་བས་གུང་སེང་རྣམས་བདུད་རྩིར་དམིགས་པས་ཡི་དྭགས་སོགས་ལ་བསྔོ་བཞིན་པའི་ཚེ་པྲསྟཱ་ར་པྲསྟཱ་ར་ཞེས་པ་ཞིག་བྱུང་ནས་ལྷང་ལྷང་འདུག་པར་པྲསྟཱ་ར་འགོད་ཚུལ་རྣམས་རྣམ་པ་