R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༤༩
[A:༢༤༩]སྐབས། གསུང་ལས། ཁྱེད་གཉིས་ཀྱི་བཀའ་དྲིན་གྱིས་མདང་དགོང་ངེད་ཀྱི་རྨི་ལམ་དུ་རྡོ་རྗེ་འཇིགས་བྱེད་དཀར་པོ་ཞལ་ཕྱག་ཡོངས་སུ་རྫོགས་པ་ཤིན་ཏུ་གསལ་བ་ཞིག་བྱུང་གསུང་ཡང༌། གྲོང་ཆེན་དུ་སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་རྗེས་གནང་གནང་སྐབས་འདིར་ཞལ་གཟིགས་ཀྱི་བརྒྱུད་པ་བར་མ་ཆད་པ་ཡིན། ངེད་ཀྱིས་ཀྱང་ཞལ་མཐོང་གསུངས་པར། ལན་ཞུ་བ་མེད་པས་ཡུད་ཙམ་ནས་ལྷ་ས་བསམ་ཡས་སོགས་ཀྱི་ཐུགས་རྗེ་ཆེན་པོའི་སྐུ་རྣམས་མཇལ་བ་ཡིན་པས་ཞལ་མཐོང་བ་དེ་ཁ་ཡིན་མོད། གསུངས་པའང་དགོངས་པ་ཅན་གྱི་གསུང་དུ་སེམས། འཇམ་མགོན་དཔལ་ལྡན་ཆོས་སྐྱོང་དབུས་ཕྱོགས་གནས་གཟིགས་ལ་ཕེབ་སྐབས། བཀའ་ལས། ད་ལམ་ནི་མཇལ་མ་ཐུབ། དའང་ཡར་ཀླུང་དུ་ཕེབ་པ་དང་མཇལ་བ་མི་འོང་གསུངས་པའང་དེ་ཁ་བཞིན་བྱུང༌། ཡང་ནཱ་ལེནྡྲའི་འབུལ་སྡུད་བླ་མ་དགེ་འཕེལ་ཞེས་པར་ཁྱོད་ངེད་ཀྱི་འབུལ་སྡུད་དུ་འགྲོ་དགོས། དེའང་འབྲུག་ལོ་ཚུན་ལ་མ་འཁོར་ན་དོན་མེད་གསུངས། བདག་གིས་འགྲོ་ཐུབ་པའང་མི་འོང་སྟེ། འབུལ་སྡུད་ཀྱིས་ཅི་མཛད་ཞུས་པས། འཇམ་དཔལ་འདི་ལ་ཟླ་བོ་ཡང་དག་མེད་པ་བཅས་དངུལ་གདུང་གི་རྒྱུ་བྱེད་སྙམ་པ་ཡིན་གསུངས་པ་སོགས་ཀྱང་མ་འོངས་པ་མངོན་སུམ་དུ་གཟིགས་པའི་གསུང་དང་འདི་ནི་སྔོན་རྗེ་བོད་མཁར་བ་ཞིང་བརྗེ་ཁ་མའི་སྐབས། གསུང་ལས། ངེད་རང་གི་ལོའང་རྒན་རབས་སོང༌། ཅི་འདྲ་འོང་ཡང་འཐིངས་དཀའ། དང་པོ་སྤྱན་སྔ་རིན་པོ་ཆེས་འབུལ་སྡུད་རྫོང་བ་གནང་བས། རྗེས་སུ་དགོངས་རྫོགས་ཀྱི་རྟེན་བཞེངས་ལ་ཤིན་ཏུ་ཕན་པ་ཞིག་བྱུང༌། ངེད་རང་ལ་ཡིན་མིན་བྱུང་ཚེ་རྟེན་བཞེངས་བཞིན་མ་བྱས་ནའང་ད་ལྟ་