R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༥༩
[A:༢༥༩] ངོ་བོ་རྒྱས་སུ་འགྲོ་བ་ལས་མདོར་བསྡུ་གང་ཐུབ་བྱས་པ་ལ་མི་དགྱེས་ཤིང༌། སོ་སོའི་བློ་དང་མཐུན་པར་བཀའ་རྩོམ་མཛད་པ་རྣམས་སྨོས་པ་འདི། དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་འདེབས་བུའི་ཁ་སྐོང་བཅས། ཚེ་དབང་བླ་མ་ཞི་ཁྲོ་དང༌། གསོ་རིག་རྒྱུད་བཞིའི་ལུང་གི་བརྒྱུད་འདེབས། གསུང་ངག་དང༌། འཇིགས་བྱེད་དབང་བརྒྱུད་ལུགས་གསུམ། སྨར་ཁྲིད་ཚེམས་བུ་ལུགས། ནཱ་རོ་མཁའ་སྤྱོད། གུར་ཞལ་རྣམས་ཀྱི་བརྒྱུད་འདེབས་ཚར་ཆེན་གྱིས་མཛད་པའི་ཁ་སྐོང༌། སྒྲོལ་མའི་གསོལ་འདེབས། རྨོར་ཆེན་རྡོ་རྗེ་འཆང་གི་མཆོག་སྤྲུལ་མྱུར་ཕེབ་དང༌། ཡབ་རྗེ་རྡོ་རྗེ་འཆང་རཏྣའི་མཚན་ཅན། བཅོ་བརྒྱད་གདུང་ཁྱབ་བདག་མཚན་ཅན། ངོར་ཆེན་བཀྲ་ཤིས་ལྷུན་གྲུབ། བསམ་ཡས་ས་ཕུག་ཆོས་རྗེ་ཀུན་དགའ་ཚུལ་ཁྲིམས། ཁམས་སྟོན་སངས་རྒྱས་རྒྱ་མཚོ། བླ་མ་ལྕགས་ཟམ་པ་རྣམས་ཀྱི་གསོལ་འདེབས་དང༌། རྗེ་ཉིད་ཀྱི་འཁྲུངས་རབས་དང༌། རྣམ་ཐར་གསོལ་འདེབས། སྐུ་བསྟོད་བརྟན་བཞུགས་བཅས་སུམ་ཅུ་རྩ་གྲངས་ཙམ། ཡང་ཆོས་རྒྱལ་ཡབ་སྲས། ཞྭ་དམར་སྤྲུལ་སྐུ། ངོས་མཆེད། མ་བསོད་ནམས་དཔལ་གྱི་དབང་མོ་རྣམས་ལ་གསུངས་པའི་བདེན་ཚིག །བླ་མ་ཡི་དམ་ཆོས་སྲུང་ཐམས་ཅད་ཀྱི་བྲིས་འབུར་འདོད་གསོལ་དང༌། མཆོད་རྫས་ཞལ་བྱང་སོགས་སྡོམ་ཉི་ཤུ་བརྒལ་ཙམ། ཡི་གེའི་མ་མོ་ལ་སྤེལ་བའི་འགུར་མ་གསུམ། སོར་འབྲང་བསྙེན་ཐབས། ཁྱུང་ཁྲའི་སྒྲུབ་ཐབས་གཉིས། ཁྱུང་ནག །སྒྲོལ་དཀར། རྡོ་རྗེ་སེམས་དཔའ། དབྱངས་ཅན་དམར་མོའི་གསང་སྒྲུབ། སྨེ་བརྩེགས་དུད་ཀ །བགེགས་མཐར་བྱེད་རྣམས་ཀྱི་སྒྲུབ་ཐབས། ཛ་བྷིར་དང༌།