R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༦༠
[A:༢༦༠] མངའ་རིས་རིག་འཛིན་ཆེན་པོ་ནས་བརྒྱུད་པའི་ཚེ་སྒྲུབ། རིག་བྱེད་མའི་བྱིན་རླབས་ཀྱི་གསལ་བྱེད། དུས་འཁོར་སྒྲུབ་དཀྱིལ། ཞི་བའི་སྦྱིན་སྲེག །དེའི་དཀྱིལ་འཁོར་ཚོན་ཐོ། དྲི་མེད་སཱ་ཆོག་གི་ཐིག་རྩ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཚིགས་བཅད་ལྷུག །དཀྱིལ་ཆོག །སྦྱིན་སྲེག །མཚམས་ཐོ་བསྐྱེད་ཆོག་དང༌། ཆ་གསུམ་ནག་འགྲོས། རྫོགས་ཆེན་སྙིང་ཐིག །ཁྲིད་ཀྱི་ཟིན་བྲིས། རྡོ་རྗེ་ནག་པོ་ཆེན་པོ་ཞལ་བཞི་པའི་བསྟོད་པ་དང༌། གཏོར་མདོས་ཟུང་འབྲེལ། སྔགས་དྲུག་ཕྱག་དྲུག་གི་ཟིན་བྲིས། རྣམ་སྲས་གཏོར་བསྔོ། གཏོར་བསྐུལ་འོག་མིན་བདེ་ཆེན་མའི་ཁ་སྐོང་ཟངས་གྲི་སྐོར་གསུམ་དང༌། སྐུ་ལྔར་ཚིགས་བཅད། རྡོ་རྗེ་ཤུགས་ལྡན། མེ་སྣ་ལྷ་བཙན། ཤེའུ་གྲོང་གཞིས་བདག །ཤེའུ་གྲོང་རྒྱལ་པོ་རྣམས་ཀྱི་གསོལ་ཁ། རས་ཆེན་དཔལ་འབྱོར་བཟང་པོ་ནས་བརྒྱུད་པའི་འཕོ་བ། གོང་ས་མཆོད་ཡོན་ལ་ཞབས་བརྟན་འབུལ་སྐབས་ཞལ་བཞེས་ཞུ་བའི་ལེགས་བཤད། སྒྲ་མདོ་པཱ་ཎའི་ཆོ་གའི་བསྡུས་དོན་གསུང་རྩོམ་འཕྲོ་ཅན་སོགས་ཏེ་དེ་དག་ཀྱང་བརྗོད་བྱའི་དོན་རྒྱ་ཆེ་ཞིང༌། རྗོད་བྱེད་ཀྱི་ཚིག་བརླིང་བ། འགལ་འབྲེལ་གྱི་རྣམ་དབྱེ་ཕྱེད་པ། མཁས་བླུན་ཀུན་གྱི་རྣར་སྙན་ཞིང་གཟུང་བདེ་བ་སོགས། གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པས་འདོམས་པར་མཛད་པ་ཁོ་ན་སྟེ་བསྡེབས་ལེགས་རྩོམ་པའི་ཕྲེང་བས་ཀྱང་བསྟན་འགྲོ་ཡོངས་ལ་ཕན་བདེའི་དཔལ་སྟེར་བར་མཛད་པ་ཞིག་གོ །དེ་ལྟར་སྐུ་ཚེ་རིལ་པོར་བསྟན་པའི་རྩ་ལག་འཆད་ཉན་ལ་རྟག་འགྲུས་སུ་བཀའ་དྲིན་བསྐྱངས་པས་སྤྱི་བྱེ་བྲག་གི་བསྟན་འགྲོར་ཕན་བདེ་སྤེལ་བའི་བྱེད་པོ་བསྟན་འཛིན་གྱི་སྐྱེས་ཆེན་དུུ་མ་དང༌། གསུང་གི་གསང་བ་